- 'ja' tshon chu mig
- ID:
- T230536
- འཇའ་ཚོན་ཆུ་མིག (Tibetan, Tibetan script, Original)
- > 'ja' tshon chu mig (Tibetan, Latin script, Transliteration-THL Extended Wylie Transliteration)
- > jatsön chumik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་ཁོངས་བྲག་རི་ཁུག(ལྷ་ས་བའི་ཁ་རྒྱུན་དུ་སྤ་རི་ཁུག་ཟེར)གྲོང་ཚོའི་ཉེ་བསྐོར་དུ་འཇའ་ཚོན་ཆུ་མིག་ཅེས་པའི་གླིང་གའི་ནང་སྔར་ཆུ་མིག་ཅིག་ཡོད་པ་དེར་དབྱར་དུས་གླིང་གཏོང་སྤྲོ་གསེང་དུ་ཡོང་མཁན་མང་པོ་ཡོད་པ་དང་། ཆུ་མིག་དེའི་ནང་ཉ་འདྲ་མིན་སྣ་ཚོགས་ཡོད་པ་དེ་ཚོའི་རི་མོར་གཞིགས་ཏེ་ཉ་སྤ་ཕྲུག་གྱོན་པ་དང་། མཐུར་མགོ་གྱོན་པ། རྟ་སྒ་བརྒྱབ་པ་སོགས་ཀྱི་མིང་བཏགས་ཡོད་ཅིང་། དེང་སང་ཡང་དབྱར་ཁ་དེ་གར་གླིང་གཏོང་སྤྲོ་གསེང་གཏོང་མཁན་ཡོང་གི་ཡོད།
- language:
- Tibetan
2. Thupten Phuntsok Dictionary
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་ཁོངས་བྲག་རི་ཁུག (ལྷ་ས་བར་ཁ་རྒྱུན་དུ་སྤ་རི་ཁུག་ཟེར) གྲོང་ཚོའི་ཉེ་བསྐོར་དུ་འཇའ་ཚོན་ཆུ་མིག་གོ
- language:
- Tibetan