- 'ja' sa gser yig
- ID:
- T230538
- འཇའ་ས་གསེར་ཡིག (Tibetan, Tibetan script, Original)
- > 'ja' sa gser yig (Tibetan, Latin script, Transliteration-THL Extended Wylie Transliteration)
- > ja sa ser yik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གོང་མ་ཚང་ནས་ཏཱ་ལའི་བླ་མ་སོགས་བོད་དང་སོག་རིགས་ཀྱི་བླ་མ་དང་། བོད་ས་གནས་ཀྱི་བཀའ་བློན་སོགས་དཔོན་རིགས་རྣམས་ལ་གོ་སའམ། གསོལ་རས་སྤྲད་པའི་ཡི་གེ་ལ་ཟེར་ཞིང་། གསེར་ཤོག་དང་། དངུལ་ཤོག མཛོད་གོས་སེར་པོ། ཏཱ་ཁྲུ་དཀར་པོ་སོགས་ལ་རྒྱ་སོག་བོད་གསུམ་གྱི་ཡི་གེ་ཤན་སྦྱར་རམ་བོད་སོག་ཤན་སྦྱར་སོགས་ཡོད། སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བཀའ་བློན་དང་ནང་བློན་སོགས་ལ་གསེར་དངུལ་དང་། གཡུ། ཕྲ་མེན་སོགས་ཀྱི་བྱང་བུ་སྤྲོད་པའི་ལོ་རྒྱུས《ཆོས་འབྱུང་མཁས་པའི་དགའ་སྟོན》ལེ་ཚན་གསུམ་པའི་ནང་གསལ་འདུག་པ་དེ་ཡང་དེ་འདྲ་ཞིག་ཡིན་ནམ་སྙམ།
- language:
- Tibetan
2. Thupten Phuntsok Dictionary
རྒྱ་ནག་གོང་མ་ཚང་ནས་ཏཱ་ལའི་བླ་མ་སོགས་བོད་དང་སོག་རིགས་ཀྱི་བླ་མ་དང་། བོད་ས་གནས་ཀྱི་བཀའ་བློན་སོགས་དཔོན་རིགས་རྣམས་ལ་གོ་སའམ། གསོལ་རས་སྤྲད་པའི་ཡི་གེ་ལ་ཟེར་རོ། །
- language:
- Tibetan