- 'jig rgyu gsum
- ID:
- T230542
- འཇིག་རྒྱུ་གསུམ (Tibetan, Tibetan script, Original)
- > 'jig rgyu gsum (Tibetan, Latin script, Transliteration-THL Extended Wylie Transliteration)
- > jik gyu sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མེ་དང་ཆུ་དང་རླུང་བཅས་གསུམ་མོ། དེ་ལ་ཆོས་ལུགས་ཀྱི་བཤད་སྲོལ་ལྟར་འཇིག་རྟེན་འདི་དང་པོ་ཆགས་པའི་བསྐལ་པ་དང་། བར་དུ་གནས་པའི་བསྐལ་པ། མཐར་འཇིག་པའི་བསྐལ་པ་བཅས་གསུམ་ཡོད་པའི་ནང་ནས་འཇིག་རྟེན་འདི་འཇིག་པའི་སྐབས། དང་པོར་མེ་ཡིས་འཇིག་པ་ཐེངས་བདུན། དེ་རྗེས་ཆུས་འཇིག་པ་ཐེངས་གཅིག དེ་ལྟར་ཆུས་འཇིག་པ་ལན་བདུན་རྫོགས་མཐར་རླུང་གིས་འཇིག་པའོ། །རྒྱས་པར《མངོན་པ་མཛོད》 གནས་གསུམ་པའི་མཇུག་ཏུ་གསལ།
- language:
- Tibetan
2. Thupten Phuntsok Dictionary
མེ་དང་ཆུ་དང་རླུང་བཅས་གསུམ་མོ། །དེ་ལ་ཆོས་ལུགས་ཀྱི་བཤད་སྲོལ་ལྟར་འཇིག་རྟེན་འདི་དང་པོ་ཆགས་པའི་བསྐལ་པ་དང་། བར་དུ་གནས་པའི་བསྐལ་པ། མཐར་འཇིག་པའི་བསྐལ་པ་བཅས་གསུམ་ཡོད་པའི་ནང་ནས་འཇིག་རྟེན་འདི་འཇིག་པའི་སྐབས། དང་པོར་མེ་ཡིས་འཇིག་པ་ཐེངས་བདུན། དེ་རྗེས་ཆུས་འཇིག་པ་ཐེངས་གཅིག དེ་ལྟར་ཆུས་འཇིག་པ་ལན་པ་ལན་བདུན་རྫོགས་མཐར་རླུང་གིས་འཇིག་པའོ། །
- language:
- Tibetan