Skip to main content Skip to search
'jig rten gyi mig ma hA paN+Di ta d+harma shri
ID:
T230545
  • འཇིག་རྟེན་གྱི་མིག་མ་ཧཱ་པཎྜི་ཏ་དྷརྨ་ཤྲི (Tibetan, Tibetan script, Original)
    • > 'jig rten gyi mig ma hA paN+Di ta d+harma shri (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jiktengyi mik mahapendita dharmashri (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(ལོ་ཙཱ་བ་དྷརྨ་ཤྲི)རྒྱ་གར་སྐད་དུ་ལོ་ཙཱ་བ་ཞེས་པ་བོད་སྐད་དུ་བསྒྱུར་ན་འཇིག་རྟེན་མིག་ཟེར་ཞིང། ལོ་ཙཱ་བ་རྣམས་རང་གི་མི་རིགས་ཀྱི་སྐད་དང་ཡི་གེ་ལ་མཁས་པ་མ་ཟད། མི་རིགས་གཞན་གྱི་སྐད་དང་ཡི་གེ་ལ་ཡང་མཁས་པས་མི་རིགས་ཕན་ཚུན་གྱི་རིག་གཞུང་དར་སྤེལ་བཏང་བ་ལ་འཇིག་རྟེན་འདིའི་མིག་དང་འདྲ་བ་ཡིན་པས་མིང་དེ་ལྟར་ཐོགས་ཤིང་། སྨིན་གྲོལ་གླིང་གི་མཁས་པ་ཆེན་པོ་ལོ་ཆེན་ངྷརྨ་ཤྲི་ཡང་རྒྱ་གར་གྱི་སྐད་ཡིག་དང་བོད་ཀྱི་སྐད་ཡིག་གཉིས་ཀའི་ཐོག་ནས་རྩོམ་ཡིག་འབྲི་བར་མཁས་པའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན། རབ་བྱུང་བཅུ་གཅིག་པའི་ཤིང་རྟ(༡༦༥༤)ལོ་ནས་རབ་བྱུང་བཅུ་གཉིས་པའི་མེ་བྱ(༡༧༡༧)ལོ་བར་དགུང་ལོ་དྲུག་ཅུ་རེ་བཞི་བཞུགས། སྨིན་གྲོལ་གླིང་གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་སོགས་བླ་མ་མཁས་པ་མང་པོ་བསྟེན་ནས་གསང་སྔགས་གསར་རྙིང་དང་རིག་གནས་ལྔ་ལ་མཁས་པར་སྦྱངས་ཤིང་གསུང་རྩོམ་ཡང་ཕུག་ལུགས《རྩིས་ཀྱི་འགྲེལ་ཆེན་ཉིན་བྱེད་སྣང་བ》རྩ་བ་དང་འགྲེལ་པ། 《བུ་ཡིག》《སྙན་ངག་ལེའུ་གསུམ་གྱི་དཔེར་བརྗོད》སོགས་ཧ་ཅང་མང་པོ་ཡོད། རྗེས་སུ་སོག་པོ་ཇུན་གར་ཚེ་དབང་རབ་རྟན་གྱིས་བཏང་བའི་དམག་དཔུང་བོད་དུ་འབྱོར་སྐབས་སྐུ་བཀྲོངས་པ་ཡིན་ཞེས་ལོ་རྒྱུས་འགའ་ཞིག་ཏུ་གསལ། ལོ་ཆེན་འདིའི་རྣམ་ཐར་ཞིག་ངེས་པར་ཡོད་ཚོད་འདུག་ཀྱང་ད་ཕན་བདག་གིས་མ་མཐོང་ལགས།

language:
Tibetan

2. Thupten Phuntsok Dictionary

ལོ་ཆེན་ (ལོ་ཙཱ་བ་དྷ་རྨ་ཤྲི) རྒྱ་གར་སྐད་དུ་ལོ་ཙཱ་བ་ཞེས་པ་བོད་སྐད་བསྒྱུར་ན་འཇིག་རྟེན་མིག་ཟེར་ཞིང་། ལོ་ཙཱ་བ་རྣམས་དང་རང་གི་མི་རིགས་ཀྱི་སྐད་དང་ཡི་གེ་ལ་མཁས་པ་མ་ཟད། མི་རིགས་གཞན་གྱི་སྐད་དང་ཡི་གེ་ལ་ཡང་དག་མཁས་པས་མི་རིགས་ཕན་ཚུན་གྱི་རིག་གཞུང་དར་སྤེལ་བཏང་བ་ལ་འཇིག་རྟེན་འདིའི་མིག་དང་འདྲ་བ་ཡིན་པས་མིང་དེ་ལྟར་ཐོགས་ཤིང་། སྨིན་གྲོལ་གླིང་གི་མཁས་པ་ཆེན་པོ་ལོ་ཆེན་དྷ་རྨ་ཤྲི་ཡང་རྒྱ་གར་གྱི་སྐད་ཡིག་དང་བོད་ཀྱི་སྐད་ཡིག་གཉིས་ཀའི་ཐོག་ནས་རྩོམ་ཡིག་འབྲི་བར་མཁས་པའི་ལོ་ཙཱ་ཆེན་པོ་ཞིག་ཡིན། རབ་བྱུང་བཅུ་གཅིག་པའི་ཤིང་རྟ (༡༦༥༤) ལོ་ནས་རབ་བྱུང་བཅུ་གཉིས་པའི་མེ་བྱ (༡༧༡༧) ལོ་བར་དུ་དགུང་ལོ་དྲུག་ཅུ་རེ་བཞི་བཞུགས། སྨིན་གྲོལ་གླིང་གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་སོགས་བླ་མ་མཁས་པ་མང་པོ་བསྟེན་ནས་གསང་སྔགས་གསར་རྙིང་དང་རིག་གནས་ལྔ་ལ་མཁས་པར་སྦྱངས་ཤིང་གསུང་རྩོམ་ཡང་ཕུག་ལུགསརྩིས་ཀྱི་འགྲེལ་ཆེན་ཉིན་བྱེད་སྣང་བ》རྩ་བ་དང་འགྲེལ་པ། བུ་ཡིག》སྙན་ངག་ལེའུ་གསུམ་གྱི་དཔེར་བརྗོད》སོགས་ཧ་ཅང་མང་པོ་ཡོད། རྗེས་སུ་སོག་པོ་ཇུན་གར་ཚེ་དབང་རབ་བརྟན་གྱིས་བཏང་བའི་དམག་དཔུང་གི་བོད་དུ་འབྱོར་སྐབས་སྐུ་བཀྲོངས་པ་ཡིན་ཞེས་ལོ་རྒྱུས་འགའ་ཞིག་ཏུ་གསལ། ལོ་ཆེན་འདིའི་རྣམ་ཐར་ཞིག་ངེས་པར་ཡོད་ཚོད་འདུག་ཀྱང་ད་ཕན་བདག་གིས་མ་མཐོང་ལགས།

language:
Tibetan