- 'jigs med dam chos rgya mtsho
- ID:
- T230571
- འཇིགས་མེད་དམ་ཆོས་རྒྱ་མཚོ (Tibetan, Tibetan script, Original)
- > 'jigs med dam chos rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > jikme damchö gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འཁྲུངས་ཡུལ་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ཆར་གཏོགས་ཨ་བིར་དུ་གྲགས་པའི་འབྲོག་སྡེ་ཁམས་མདངས་ཞེས་བྱ་བར་ཡབ་དགེ་འདུན་བསོད་ནམས་དང་ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་ཁྱི(༡༨༩༨)ལོར་སྐུ་འཁྲུངས། སྐྱབས་མགོན་ཤར་ཐབས་ཅད་མཁྱེན་པ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དང་ཞྭ་དམར་པཎྜི་ཏ་རྣམ་གཉིས་ཀྱིས་རྗེ་འཇིགས་མེད་བསམ་གཏན་གྱི་སྤྲུལ་སྐུར་ངོས་འཛིན་མཛད། དགུང་ལོ་བདུན་པར་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་ལས་དགེ་བསྙེན་དང་བར་མ་རབ་བྱུང་གི་ཚུལ་ཁྲིམས་ཡང་དག་པར་བཞེས། མཚན་འཇིགས་མེད་དམ་ཆོས་རྒྱ་མཚོ་ཞེས་གསོལ། སྐྱབས་རྗེ་དམ་པ་དེ་ལས་གསུང་གི་བདུད་རྩི་ཚིམ་པར་མྱངས་པས་རྩ་བའི་བླ་མ་སྐྱབས་གནས་ཉག་ཅིག་ཏུ་མཛད། དེ་ནས་མ་འགྱངས་པར་རྗེ་གོང་མའི་གདན་ས་ཀ་རིང་བཀྲ་ཤིས་ཆོས་གླིང་དུ་ཕེབས། ཤིང་སྦྲུལ་ལོར་གཅན་ཚའི་བྲག་ལུང་དགོན་དུ་ཕེབས་ཏེ་རྗེ་ཞྭ་དམར་རིན་པོ་ཆེ་ལས་མཉམ་མེད་རི་བོ་དགེ་ལྡན་པའི་ཟབ་ཆོས་དང་ཁྱད་པར་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་ཞུས། གསང་མཚན་རིན་ཆེན་རྡོ་རྗེ་ཞེས་གསོལ། དགུང་ལོ་བཅུ་པ་མེ་ལུགས་ལོར་སྐུ་འབུམ་དུ་ཕེབས་ཏེ་ཕྱག་ན་པདྨོ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པར་ཕྱག་དབང་གི་བྱིན་རླབས་ཞུས། ཟླ་བ་དགུ་པར་རེབ་གོང་སྟོད་ཀྱི་སྦས་ཡུལ་དཀར་པོ་གཤོང་དུ་ཕེབས་ཏེ་རྗེ་ལྕང་ལུང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ལས་གསུང་ཆོས་ཀྱི་རིམ་པ་རྒྱ་ཆེར་གསན། དེ་ནས་བཟུང་སྨིན་བྱེད་ཀྱི་དབང་དང་རྗེས་གནང་། འགྲོལ་བྱེད་ཀྱི་ཁྲིད་དང་བཤད་ལུང་། རྒྱབ་རྟེན་ལུང་གི་ཚོགས་གཞི་ཆེ་བ་ཅི་རིགས་དང་། ཞལ་ཤེས་སྙན་བརྒྱུད་མན་ངག་གི་རིམ་པ་ཇི་སྙེད་གསན། བྱམས་ཆོས་དང་བཀའ་པོད་ལྔས་མཚོན་པའི་གཞུང་ལུགས་རབ་འབྱམས་ལ་གསན་བསམ་ཕུ་ཐག་ཆོད་པ་མཛད། དགུང་ལོ་བཅུ་དགུ་པར་རྗེ་བཙན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ལས་དགེ་ཚུལ་གྱི་བསླབ་བཞེས་སྔོན་དུ་བཏང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས། མེ་སྦྲུལ་ལོར་ཡོངས་འཛིན་བློ་བཟང་དཔལ་ལྡན་ལས་སྙན་ངག་ལེགས་པར་སྦྱངས། ས་རྟ་ལ་སྒྲའི་བྱིངས་ཀྱི་དབུར་སླེབས་མཚམས་སུ་དབྱངས་ཅན་དགྱེས་པའི་རྡོ་རྗེ་ཞེས་བྱ་བའི་ཀུན་བཤད་ཀྱི་མཚན་རྟགས་བཞེས། ཆུ་ཕག་ལོར《བདེན་པ་བཞི་ལས་བརྩམས་པའི་རྩོད་ཡིག་འཇིགས་མེད་རིགས་པའི་གད་རྒྱངས》ཞེས་པ་མཛད། རབ་བྱུང་བཅུ་དྲུག་པའི་མེ་ཡོས(༡༩༢༧)ལོར་རོང་པོ་བདེ་ཆེན་ཆོས་འཁོར་གླིང་གི་ཁྲིར་བཞུགས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། སྐྱབས་མགོན་ཐམས་ཅད་མཁྱེན་པས་རིགས་ཀྱི་ཅོད་པན་དུ་བཀུར་ཅིང་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་གྲོལ། 《གསུང་རབ་དྲི་མ་མེད་པའི་དགོངས་དོན་གསལ་བར་མཛད་པའི་བསྟན་བཅོས་རྟོག་བདུན་འགྲེལ་ཆེན》དང《རིམ་ལྔ་གསལ་སྒྲོན་གྱི་དཀའ་འགྲེལ་བསྡུས་དོན》《དྲང་ངེས་བརྗེད་བྱང་ཆེན་མོ》སོགས་དང་། 《སྙན་ངག་གི་ལམ་ནས་དྲངས་པའི་རྟོགས་བརྗོད》《རྣམ་ཐར་བསླབ་མགུར》《ཆབ་ཤོག》སོགས་ཁྱོན་གསུང་འབུམ་པོད་ཉི་ཤུ་ཉེ་བ་མཛད། དགུང་ལོ་ཞེ་དགུ་པ་རབ་བྱུང་བཅུ་དྲུག་པའི་མེ་ཁྱི(༡༩༤༦)ལོར་གསང་ཆེན་ཆོས་ཀྱི་འབྱུང་གནས་གདན་སའི་མཐིལ་ཨེ་ཝཾ་དགའ་ཚལ་དུ་སྐུ་ཚེའི་ཐ་མར་བཤད་སྒྲུབ་ཟུང་འབྲེལ་གྱིས་བསྟན་པའི་དར་ཆེན་ནམ་མཁའ་ཇི་སྲིད་བར་གཡོ་མེད་དུ་བསྒྲེངས། ལོ་དེར་སྐུ་ཞི་བའི་དབྱིངས་སུ་གཞོལ།
- language:
- Tibetan
2. Thupten Phuntsok Dictionary
འཁྲུངས་ཡུལ་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ཆར་གཏོགས་ཨ་བིར་དུ་གྲགས་པའི་འབྲོག་སྡེ་ཁམས་མདངས་ཞེས་བྱ་བར་ཡབ་དགེ་འདུན་བསོད་ནམས་དང་ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་ཁྱི (༡༨༩༨) ལོར་སྐུ་འཁྲུངས། སྐྱབས་མགོན་ཤར་ཐམས་ཅད་མཁྱེན་པ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དང་ཞྭ་དམར་པཎྜི་ཏ་རྣམ་གཉིས་ཀྱིས་རྗེ་འཇིགས་མེད་བསམ་ཏན་གྱི་སྤྲུལ་སྐུར་ངོས་འཛིན་མཛད། དགུང་ལོ་བདུན་པར་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་ལས་དགེ་བསྙེན་དང་བར་མ་རབ་བྱུང་ཚུལ་ཁྲིམས་ཡང་དག་པར་བཞེས། མཚན་འཇིགས་མེད་དམ་ཆོས་རྒྱ་མཚོ་ཞེས་གསོལ། རབ་བྱུང་བཅུ་དྲུག་པའི་མེ་ཡོས (༡༩༢༧) ལོར་རོང་པོ་བདེ་ཆེན་ཆོས་འཁོར་གླིང་གི་ཁྲིར་བཞུགས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། སྐྱབས་མགོན་ཐམས་ཅད་མཁྱེན་པས་རིགས་ཀྱི་ཅོད་པན་དུ་བཀུར་ཅིང་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་གྲོལ། གསུང་རབ་དྲི་མ་མེད་པའི་དགོངས་དོན་གསལ་བར་མཛད་པའི་བསྟན་བཅོས་རྟོག་བདུན་འགྲེལ་ཆེན》དངརིམ་ལྔ་གསལ་སྒྲོན་གྱི་དཀའ་འགྲེལ་བསྡུས་དོན》དྲང་ངེས་བརྗེད་བྱང་ཆེན་མོ》སོགས་དང་།སྙན་ངག་གི་ལམ་ནས་དྲངས་པའི་རྟོགས་བརྗོད》རྣམ་ཐར་བསླབ་མགུར》ཆབ་ཤོག》 སོགས་ཁྱོན་གསུང་འབུམ་བོད་ཉི་ཤུར་ཉེ་བ་མཛད། དགུང་ལོ་ཞེ་དགུ་པ་རབ་བྱུང་བཅུ་དྲུག་པའི་མེ་ཁྱི (༡༩༤༦) ལོར་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅོ་ལྔ་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1898 ལོར་མདོ་སྨད་རེབ་ཀོང་ཨ་བིར་དུ་ཡབ་དགེ་འདུན་བསོད་ནམས་དང་། ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1946 ལོར་སྐུ་གཤེགས། ཆུང་ངུའི་དུས་སུ་ཤར་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དང་། ཞྭ་དམར་པཎྜི་ཏ་རྣམས་ཀྱིས་རྗེ་འཇིགས་མེད་བསམ་གཏན་གྱི་སྤྲུལ་སྐུར་ངོས་འཛིན་མཛད། དགུང་ལོ་བདུན་པར་ཞྭ་དམར་པཎྜི་ཏ་ལས་དགེ་བསྙེན་དང་བར་མ་རབ་བྱུང་གི་སྡོམ་པ་བཞེས། མཚན་ལ་འཇིགས་མེད་དམ་ཆོས་རྒྱ་མཚོ་ཞེས་གསོལ། དེ་ནས་མ་འགྱངས་པར་རྗེ་གོང་མའི་གདན་ས་ཀ་རིང་བཀྲ་ཤིས་ཆོས་གླིང་དུ་ཕེབས། དགུང་ལོ་བཅུ་པར་སྐུ་འབུམ་དགོན་དུ་ཕེབས་ཏེ་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་ལས་ཕྱག་དབང་ཞུས། དེ་ནས་རྗེ་ལྕང་ལུང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ལས་དབང་ལུང་ཁྲིད་གསུམ་ཞུས་པ་ཞིང་། བྱམས་ཆོས་དང་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ཕུགས་ཐག་ཆོད་པར་མཛད། དགུང་ལོ་བཅུ་དགུ་པར་རྗེ་ལྕང་ལུང་ཁྲི་རྒན་ལས་དགེ་ཚུལ་གྱི་བསླབ་བཞེས་སྔོན་དུ་[650]བཏང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉི་ཤུ་བར་ཤར་ཕོ་བྲང་དུ་ཕེབས་ནས་ཡོངས་འཛིན་བློ་བཟང་དཔལ་ལྡན་ལས་སྙན་ངག་དང་སྒྲ་སོགས་གསན་པས་ཀུན་བཤད་ཀྱི་མཚན་དབྱངས་ཅན་དགེས་པའི་རྡོ་རྗེ་ཞེས་གསོལ། དགུང་ལོ་ཉེར་དགུ་པར་རོང་བོ་བདེ་ཆེན་ཆོས་འཁོར་གླིང་ཁྲིར་ཕེབས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཤར་ཐམས་ཅད་མཁྱེན་པས་རིགས་ཀྱི་ཅོད་པན་དུ་བཀུར་ཅིང་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་གྲོལ་ལོ། ཁོང་གི་གསུང་རྩོམ་ནི་རྟོགས་བརྗོད་དང་། རྣམ་ཐར། ཐོབ་ཡིག བསྟོད་ཚོགས། རྒྱུད་འགྲེལ། གཞུང་འགྲེལ། ལམ་རིམ་བསྡུས་དོན། མཐའ་དཔྱོད། རྩོད་ཡིག བཅའ་ཡིག བརྡ་སྤྲོད་རིག་པའི་སྙིང་པོ་བཅས་ཆོས་ཚན་ཆིག་བརྒྱ་བཅུ་མེད་བཞི་དེ་པོད་ཉི་ཤུར་ཉེ་བ་བཞུགས་སོ། །
- language:
- Tibetan