- 'jim 'bur ri mo
- ID:
- T230579
- འཇིམ་འབུར་རི་མོ (Tibetan, Tibetan script, Original)
- > 'jim 'bur ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
- > jim bur rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གནའ་བོའི་རྒྱ་སྲོལ་རི་མོར་དཔྱད་བརྗོད་བྱེད་པའི་མིང་ཚིག་ཅིག་ཡིན། ཐང་རྒྱལ་རབས་ཀྱི་ཡང་ཧུད་ཀྲིས་ཐོག་མར་རི་མོ་སྦྱངས་ཏེ་རྗེས་སུ་ཆེད་མངགས་འཇིམ་འབུར་རི་མོ་སློབ་སྦྱོང་བྱས་ནས་མཁས་པར་གྱུར་སྟབས་ཁོང་ལ་འཇིམ་འབུར་རི་མོའི་མཁས་མཆོག་ཅེས་པའི་མཚན་སྙན་ཐོབ་སྟེ། རི་ཆུའི་འཇིམ་འབུར་ལྡེབས་རིས་གསར་གཏོད་མཛད། དེ་རྗེས་སུང་རྒྱལ་རབས་ཀྱི་ཀོ་ཤིས་ནི་རི་ཆུ་དང་ཤིང་སྣའི་རི་མོར་ཤིན་ཏུ་མཁས་པས། ཁོང་གིས་འཇིམ་པའི་ཞལ་བར་གྱང་ལྡེབས་སུ་འདམ་བག་བྱུགས་སུ་བཅུག་སྟེ། ཀོང་འབུར་སྣ་ཚོགས་ཐོན་པའི་གཟུགས་ལ་བསྟུན་ནས་རི་ཆུ་དང་ཤིང་སྣ། ཕོ་བྲང་སོགས་སྣག་ཚེས་བྲིས་པ་དེར་གྱང་ལྡེབས་ཀྱི་གྲིབ་གཟུགས་ཞེས་ཟེར།
- language:
- Tibetan