- 'jog ri ngag dbang bstan 'dzin 'phrin las
- ID:
- T230605
- འཇོག་རི་ངག་དབང་བསྟན་འཛིན་འཕྲིན་ལས (Tibetan, Tibetan script, Original)
- > 'jog ri ngag dbang bstan 'dzin 'phrin las (Tibetan, Latin script, Transliteration-THL Extended Wylie Transliteration)
- > jok ri ngawang tendzin trinlé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་དབུས་སྟོད་བྱི་རི་སྟག་རྩེར་ཡབ་དཔལ་མགོན་དང་ཡུམ་ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ས་འབྲུག(༡༧༤༨)ལོར་སྐུ་འཁྲུངས། དགུང་ལོ་བརྒྱད་དགུའི་སྐབས་ཉན་བྲནགཞིས་ཀ་སྐོར་གྱི་ཕྱུགས་འཚོ་བར་ཕེབས། དགུང་ལོ་བཅུ་གསུམ་ལ་སེ་ར་སྨད་དུ་བློ་བཟང་རྒྱལ་མཚན་དྲུང་དུ་རབ་བྱུང་བསྒྲུབས། མཚན་ངག་དབང་བསྟན་འཛིན་འཕྲིན་ལས་སུ་གསོལ། དེ་ནས་རྗེ་གྲགས་པ་འཕྲིན་ལས་སོགས་བསྟེན་ནས་གཞུང་ཆེན་ལ་སློབ་གཉེར་མཛད། ཕར་ཕྱིན་འཛིན་གྲྭའི་སྐབས་བྱ་བྲལ་ལ་ཕེབས། དགུང་ལོ་ཉེར་གཉིས་སྐབས་སྐྱིད་གྲོང་དུ་ཀ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་སར་བསྙེན་པར་རྫོགས། དེ་ནས་གྲུབ་དབང་བློ་བཟང་རྣམ་རྒྱལ་གྱི་གདན་ས་ཕུག་པོ་ཆེར་སྒྲུབ་པར་བརྩོན་བཞིན་བཞུགས། དགུང་ལོ་ཉེར་བརྒྱད་ལ་བླ་མའི་བཀའ་བཞིན་བལ་ཡུལ་ཁུལ་གནས་སྐོར་ལ་ཕེབས། དགུང་ལོ་སོ་གཉིས་ཐོག་སྐྱིད་གྲོང་ནས་ལྷ་སར་ཕེབས་ཏེ་ཆོས་མཐུན་གྱི་གནང་སྒོར་ཞུགས། དགུང་ལོ་ང་གཅིག་པར་འབྲུ་ལ་མཁན་ཆེན་གྱི་རྣམ་ཐར་ལྗགས་རྩོམ་མཛད། དགུང་ལོ་ང་བདུན་ལ་ཁལ་ཁ་རྗེ་བཙུན་དམ་པའི་འཁྲུངས་རབས་བརྩམས། དེ་བཞིན《བླ་མ་དང་སྨན་པའི་རྒྱལ་པོར་བརྟེན་པའི་བླ་མའི་རྣལ་འབྱོར》སོགས་གསོལ་འདེབས་ཀྱི་རིགས་སྣ་ཚོགས་དང་། 《གུང་ཐང་དཔལ་གྱི་གཙུག་ལག་ཁང་བྱུང་རབས་དང་བཅས་པའི་དཀར་ཆག་འགྲོ་མགོན་ཞལ་ལུང་བདུད་རྩིའི་ཆུ་རྒྱུན》《ཐར་པའི་དོན་དུ་གཉེར་བའི་སྤོང་བ་པ་རྣམས་ལ་ཁྲིམས་སུ་བཅའ་བའི་ཡི་གེ་འཇམ་དཔལ་སྙིང་པོའི་དགོངས་རྒྱན》ཞེས་བྱ་བ་སོགས་པོད་འབྲིང་གཉིས་ཙམ་མཛད། འདས་ལོ་སོགས་ཞིབ་པ་མ་རྙེད།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ནི་དབུས་སྟོད་བྱི་རི་སྟག་རྩེར་ཡབ་དཔལ་མགོན་དང་ཡུམ་ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་འབྲུག (༡༧༤༨) ལོར་སྐུ་འཁྲུངས། དགུང་ལོ་བརྒྱད་དགུའི་སྐབས་ཉང་བྲན་གཞིས་ཀ་སྐོར་གྱི་ཕྱུགས་འཚོ་བར་ཕེབས། དགུང་ལོ་བཅུ་གསུམ་ལ་སེ་ར་སྨད་དུ་བློ་བཟང་རྒྱལ་མཚན་དྲུང་དུ་རབ་བྱུང་བསྒྲུབས། མཚན་ངག་དབང་བསྟན་འཛིན་འཕྲིན་ལས་སུ་གསོལ། དེ་ནས་རྗེ་གྲགས་པ་ཕྲིན་ལས་སོགས་བསྟེན་ནས་གཞུང་ཆེན་ལ་སློབ་གཉེར་མཛད། ཕར་ཕྱིན་འཛིན་གྲྭའི་སྐབས་བྱ་བྲལ་ལ་ཕེབས། དགུང་ལོ་ཉེར་གཉིས་སྐབས་སྐྱིད་གྲོང་དུ་ཀ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་སར་བསྙེན་པར་རྫོགས།དགུང་ལོ་ང་བདུན་ལ་ཁལ་ཁ་རྗེ་བཙུན་དམ་པའི་འཁྲུངས་རབས་བརྩམས། དེ་བཞིནབླ་མ་དང་སྨན་པའི་རྒྱལ་པོར་བརྟེན་པའི་བླ་མའི་རྣལ་འབྱོར》སོགས་གསོལ་འདེབས་ཀྱི་རིགས་སྣ་ཚོགས་དང་། གུང་ཐང་དཔལ་གྱི་གཙུག་ལག་ཁང་བྱུང་རབས་དང་བཅས་པའི་དཀར་ཆག་འགྲོ་མགོན་ཞལ་ལུང་བདུད་རྩིའི་ཆུ་རྒྱུན》ཐར་པ་དོན་དུ་གཉེར་བའི་སྤོང་བ་པ་རྣམས་ལ་ཁྲིམས་སུ་བཅའ་བའི་ཡི་གེ་འཇམ་དཔལ་སྙིང་པོའི་དགོངས་རྒྱན》ཞེས་བྱ་བ་སོགས་པོད་འབྲིང་གཉིས་ཙམ་མཛད། འདས་ལོ་སོགས་ཞིབ་པ་མ་རྙེད།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1748 ལོར་དབུས་སྟོད་བྱེ་རི་སྟག་རྩེར་ཡབ་དཔལ་མགོན་དང་། ཡུམ་ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་བརྒྱད་དགུའི་སྐབས་སུ་ཉང་བྲན་གཞིས་ཀ་སྐོར་གྱི་ཕྱུགས་འཚོ་བར་ཕེབས། དགུང་ལོ་བཅུ་གསུམ་པར་སེར་སྨད་དུ་བློ་བཟང་རྒྱལ་མཚན་གྱི་དྲུང་དུ་དབུ་སྐྲའི་གཙུག་ཕུད་ཕུལ་ཞིང་མཚན་ལ་གྲགས་པ་བློ་གྲོས་ཞེས་གསོལ། དགུང་ལོ་བཅུ་བདུན་པར་ལྕང་ར་ངག་དབང་འཕྲིན་ལས་ཀྱི་དྲུང་ནས་རབ་བྱུང་བསྒྲུབས་ཤིང་མཚན་ལ་ངག་དབང་བསྟན་འཛིན་འཕྲིན་ལས་ཞེས་གསོལ། དེ་ནས་ཆོས་རྗེ་གྲགས་པ་འཕྲིན་ལས་སོགས་ལ་བསྟེན་ཏེ་གཞུང་ཆེན་རྣམས་ལ་སློབ་གཉེར་མཛད། ཕར་ཕྱིན་འཛིན་གྲྭའི་སྐབས་སུ་བྱ་བྲལ་ལ་ཕེབས། དགུང་ལོ་ཉེར་གཉིས་པར་སྐྱིད་གྲོང་དུ་ཕེབས་ཏེ་ཀ་ཆེན་ཡེ་ཤེས་རྒྱལ་མཚན་ལས་བསྙེན་རྫོགས་མཛད། དེ་ནས་གྲུབ་དབང་བློ་བཟང་རྣམ་རྒྱལ་གྱི་གདན་ས་ཕུག་པོ་ཆེར་ཕེབས་ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་བཞིན་བཞུགས། དགུང་ལོ་ཉེར་བརྒྱད་པར་བླ་མའི་བཀའ་བཞིན་བལ་ཡུལ་[665]ཁུལ་དུ་གནས་བསྐོར་ལ་ཕེབས། དགུང་ལོ་སུམ་ཅུ་སོ་གཉིས་པར་སྐྱིད་གྲོང་ནས་ལྷ་སར་ཕེབས་ཏེ་ཆོས་མཐུན་གྱི་གནང་སྒོར་ཞུགས། དགུང་ལོ་ལྔ་བཅུ་ང་གཅིག་པར་འབྲུ་ལ་མཁན་ཆེན་གྱི་རྣམ་ཐར་བརྩམས། དགུང་ལོ་ལྔ་བཅུ་ང་བདུན་པར་ཁལ་ཁ་རྗེ་བཙུན་དམ་པའི་འཁྲུངས་རབས་གསོལ་འདེབས་བརྩམས། སྐུ་འདས་ཁའི་རྣམ་ཐར་མི་གསལ་བས་ཚོད་དཔག་བྱས་ནས་མ་བྲིས་པ་ཡིན། །ཁོང་གི་གསུང་རྩོམ་ནི་《ཟུང་འཇུག་གྲུབ་པའི་དཔའ་བོ་ཐར་པའི་རྒྱལ་མཚན་གྱི་མཛད་པ་ཐུན་མོང་པའི་རྣམ་ཐར་ཟུང་འཇུག་རིན་ཆེན་འདྲེན་པའི་ཤིང་རྟ》དང་། 《བྱ་བྲལ་ངག་དབང་གི་རྟོགས་བརྗོད་དྭངས་ཤེལ་ནོར་བུའི་ཕྲེང་བ》། 《སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་གདམས་པ་མན་ངག་ནོར་བུའི་ཕྲེང་བ》། 《གུང་ཐང་དཔལ་གྱི་གཙུག་ལག་ཁང་བྱུང་རབས་དང་བཅས་པའི་དཀར་ཆག་འགྲོ་མགོན་ཞལ་ལུང་བདུད་རྩིའི་ཆུ་རྒྱུན》བཅས་ཆོས་ཚན་ཉེར་བཞི་ལོངས་པའི་པོད་གཉིས་བཞུགས་སོ། །[666]
- language:
- Tibetan