- rje drung blo bzang 'phrin las
- ID:
- T230617
- རྗེ་དྲུང་བློ་བཟང་འཕྲིན་ལས (Tibetan, Tibetan script, Original)
- > rje drung blo bzang 'phrin las (Tibetan, Latin script, Transliteration-THL Extended Wylie Transliteration)
- > jé drung lo zang trinlé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ལ་སླེ་ལུང་རྗེ་དྲུང་ངམ་གསང་བདག་རྗེ་དྲུང་ཡང་ཞུ་ཞིང་། (འོལ་ཁ་སླེ་ལུང་དགོན་པར་བཞུགས་པས་སླེ་ལུང་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སློབ་མ་རྗེ་དྲུང་དགེ་འདུན་ཆོས་རྒྱལ་དབང་ཕྱུག་གི་སྤྲུལ་སྐུ་ཡིན་པས་རྗེ་དྲུང་། ལྷོ་བྲག་མཁན་ཆེན་ཕྱག་རྡོར་བའི་སྐུ་སྐྱེ་ཡིན་པས་གསང་བདག་རྗེ་དྲུང་ཞེས་ཟེར) ཁོང་རབ་བྱུང་བཅུ་གཉིས་པའི་མེ་གླང་(༡༦༩༧)ལོར་ཟངས་རིར་འཁྲུངས། ཆུང་དུས་མངའ་རིས་གྲྭ་ཚང་དུ་སློབ་གཉེར་བྱས། དགེ་ཚུལ་དང་དགེ་སློང་བྱས་ཀྱང་རྗེས་སུ་བུད་མེད་མང་པོ་བསྟེན། མངོན་ཤེས་ཐོགས་པ་མེད་པ་ཡོད་པ་དང་གྲུབ་ཐོབ་ཡིན་ཟེར། རྙིང་མ་དང་དགེ་ལུགས་གང་ལ་ཡང་མི་གཏོགས་པའི་ཆོས་ཕར་བསྲེ་ཚུང་བསྲེ་མང་པོ་ཞིག་དང་བུད་མེད་བསྟེན་སྐབས་ཀྱི་ལག་ལེན་སྨན་བཅོས་བྲིས་མ་སོགས་ཀྱི་དཔེ་ཆ་བརྩམས་པས་བརྩམས་ཆོས་པོད་དྲུག་ཙམ་འོལ་ཁ་སྤེ་ལུང་དགོན་པར་ཡོད།
- language:
- Tibetan
2. Thupten Phuntsok Dictionary
འདི་ལ་སླེ་ལུང་རྗེ་དྲུང་ངམ་གསང་བདག་རྗེ་དྲུང་ཡང་ཞུ་ཞིང་། (འོལ་ཁ་སླེ་ལུང་དགོན་པར་བཞུགས་པས་སླེ་ལུང་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སློབ་མ་རྗེ་དྲུང་དགེ་འདུན་ཆོས་རྒྱལ་དབང་ཕྱུག་གི་སྤྲུལ་སྐུ་ཡིན་པར་རྗེ་དྲུང་། ལྷོ་བྲག་མཁན་ཆེན་ཕྱག་རྡོར་བའི་སྐུ་སྐྱེ་ཡིན་པས་གསང་བདག་རྗེ་དྲུང་ཞེས་ཟེར།) ཁོང་རབ་བྱུང་བཅུ་གཉིས་པའི་མེ་གླང (༡༦༩༧) ལོར་ཟངས་རིར་འཁྲུངས། ཆུང་དུས་མངའ་རིས་གྲྭ་ཚང་དུ་སློབ་གཉེར་བྱས། དགེ་ཚུལ་དང་དགེ་སློང་བྱས་ཀྱང་རྗེས་སུ་བུད་མེད་མང་པོ་བསྟེན། མངོན་ཤེས་ཐོགས་པ་མེད་པ་ཡོད་པ་དང་གྲུབ་ཐོབ་ཡིན་ཟེར། རྙིང་མ་དང་དགེ་ལུགས་གང་ལ་མི་གཏོགས་པའི་ཆོས་ཕར་བསྲེ་ཚུར་བསྲེ་མང་པོ་ཞིག་དང་བུད་མེད་བསྟེན་སྐབས་ཀྱི་ལག་ལེན་སྨན་བཅོས་བྲིས་མ་སོགས་ཀྱི་དཔེ་ཆ་བརྩམས་པས་བརྩམས་ཆོས་པོད་དྲུག་ཙམ་འོལ་ཁ་སླེ་ལུང་དགོན་པར་ཡོད།
- language:
- Tibetan