- rje blo bzang bshad sgrub rgya mtsho
- ID:
- T230619
- རྗེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ (Tibetan, Tibetan script, Original)
- > rje blo bzang bshad sgrub rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > jé lo zang shedrub gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ཉིད་རྐང་ཚའི་ཆུ་ཆ་གྱོ་མོག་ཤིང་ལུང་མཚེར་ན་ཡབ་ནུ་ཞི་མགོན་སྐྱབས་དང་ཡུམ་སྐྱིད་ཀོའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག(༡༩༠༤)ལོར་སྐུ་བལྟམས། དགུང་ལོ་བདུན་ལ་ཞྭ་དམར་པཎྜི་ཏའི་དྲུང་ནས་རབ་ཏུ་བྱུང་། དེ་ནས་རང་དགོན་དུ་ཕེབས་ཏེ་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས་པ་མཛད། བཅུ་གཉིས་པ་ལ་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་སུ་སློབ་གཉེར་ལ་ཕེབས་ནས་བསྡུས་གྲྭ། བློ་རྟགས། ཕར་ཕྱིན། སྒྲ་རིག་སོགས་རིག་གནས་ཀུན་ལ་གསན་སྦྱོང་གནང་། ཉི་ཤུ་པ་ཨ་ལགས་ཁ་རྒྱ་རིན་པོ་ཆེའི་དྲུང་དུ་བསྙེན་པར་རྫོགས། བླ་མ་དེ་ལས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། བདེ་གསང་འཇིགས་གསུམ་གྱི་དབང་སོགས་ཆོས་བཀའ་མང་དུ་གསན། ཉེར་བཞི་པ་རབ་བྱུང་བཅུ་དྲུག་པའི་མེ་ཡོས(༡༩༢༧)ལོར་བཤད་སྒྲུབ་དར་རྒྱས་གླིང་དགོན་པར་མཚན་ཉིད་གསར་དུ་འཛུགས་གནང་མཛད། དགུང་ལོ་ཉེར་བདུན་པ་ལ་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྱོན་ནས་ཨ་ལགས་བླ་ཁོ་རིན་པོ་ཆེའི་དྲུང་དུ་དབང་ལུང་རྗེས་གསུམ་རྒྱ་ཆེར་གསན། དེ་དུས་བཀའ་ཆོས་ཟིན་བྲིས་སུ་བཏབ་པ་ནས་བླ་མ་དགེ་བཤེས་རྣམས་ཀྱིས་གཟིགས་ཚེ་དབུ་མཇུག་བར་གསུམ་གྱི་ཚིག་དོན་ཡོངས་རྫོགས་ཐོན་པས་ཀུན་གྱིས་ཡ་མཚན་ངོ་མཚར་ཆེ་བའི་རྟགས་སུ་བསྔགས་བརྗོད་མཛད། རང་དགོན་ནས་རྗེ་གསེར་རྐང་བའི་ཕྱག་བཞེས་ལྟར་ཕྱག་དང་བསྐོར་བ་སོགས་འབུམ་བཅུའི་སྔོན་འགྲོ་བཅས་འཇིགས་བྱེད་བསྙེན་ཆེན་མཐར་ཕྱིན་མཛད། ཆེན་ཚང་མ་དང་སྐྱ་ནག་ཚོ་དྲུག་གི་དད་ལྡན་རྣམས་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། བཀའ་བརྒྱད་ཀྱི་དབང་སོགས་བཀའ་ཆོས་མང་དུ་བསྩལ། རང་དགོན་དུ་གཅོད་དབང་ལྡན་བཞི། འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་། ཚེ་དབང་། འཇམ་དབྱངས་དཀར་ནག་གི་རྗེས་གནང་། འཇིགས་བྱེད་བསྙེན་ཁྲིད་བསྡུས་གྲྭ། བདེ་གསང་འཇིགས་གསུམ་སོགས་ཀྱི་ཐིག་ཁྲིད། བརྒྱ་རྩའི་ཁྲིད། ཐེག་ཆེན་གསོ་སྦྱོང་གི་ལུང་སོགས་ཁྲིད་དང་དབང་ལུང་རྗེས་གསུམ་གྱི་བཀའ་དྲིན་མང་དུ་བསྩལ། གསུང་རྩོམ་ཞུ་དག་བྱས་པ་དང་མ་བྱས་པ་བསྡོམས་པོད་བཅུ་གཅིག་ཙམ་བཞུགས། སྐུ་ཚེ་ཧྲིལ་པོར་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མིག་འབྲས་ལྟར་གཅེས་པར་སྲུང་ཞིང་། ཉིན་མཚན་ཀུན་ཏུ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། དགུང་ལོ་བཞི་བཅུ་ཞེ་གསུམ་དུ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་མེ་ཁྱི(༡༩༤༦)ལོར་སྐུ་འབུམ་དུ་ཞི་བར་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ཉིད་རྐང་ཚའི་ཆུ་ཆ་གྱོ་མོ་ཤིང་ལུང་མཚེར་ན་ཡབ་ནུ་ཞི་མགོན་སྐྱབས་དང་ཡུམ་སྐྱིད་ཀོའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག (༡༩༠༤) ལོར་སྐུ་བལྟམས། དགུང་ལོ་བདུན་ལ་ཞྭ་དམར་པཎྜི་ཏའི་དྲུང་ནས་རབ་ཏུ་བྱུང་། དེ་ནས་རང་དགོན་དུ་ཕེབས་ཏེ་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས་པ་མཛད། གསུང་རྩོམ་ཞུ་དག་བྱས་པ་དང་མ་བྱས་པ་བསྡོམས་པོད་བཅུ་གཅིག་ཙམ་བཞུགས་སྐུ་ཚེ་ཧྲིལ་པོར་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མིག་འབྲས་ལྟར་གཅེས་པར་སྲུང་ཞིང་། ཉིན་མཚན་ཀུན་ཏུ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། དགུང་ལོ་བཞི་བཅུ་ཞེ་གསུམ་དུ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་མེ་ཁྱི (༡༩༤༦) ལོར་སྐུ་འབུམ་དུ་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅོ་ལྔ་བའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1904 ལོར་མཚོ་སྔོན་ཞིང་ཆེན་གྱི་མཚོ་བྱང་ཁུལ་རྐང་ཚའི་ཆུ་ཆ་གྱོ་མོག་ཤིང་ལུང་མཚེར་དུ་ཡབ་ནུ་ཞི་མགོན་སྐྱབས་དང་། ཡུམ་སྐྱིད་ཀོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་[654] 1946 ལོར་སྐུ་གཤེགས། དགུང་ལོ་བདུན་པར་ཞྭ་དམར་པཎྚི་ཏའི་དྲུང་ནས་རབ་ཏུ་བྱུང་། དེ་ནས་དགུང་ལོ་བཅུ་གཉིས་བར་དུ་རང་དགོན་ནས་ཡི་གེའི་འབྲི་ཀློག་སོགས་ལ་སྦྱངས་ཏེ་བཞུགས། དགུང་ལོ་བཅུ་གསུམ་བར་ལྡེའུ་ཚེ་བཀྲ་ཤིས་ཆོས་སྡིང་དུ་སློབ་གཉེར་ལས་ཕེབས། དགེ་བཤེས་ཤེས་བཞིན་ཁོང་དང་ཁ་རྒྱའི་ཨ་ཁུ་ཕུན་ཚོགས་རྣམ་གཉིས་ཀྱི་དྲུན་ནས་བསྡུས་གྲྭ་དང་། བློ་རྟགས། ཕར་ཕྱིན་རྣམས་ལ་སྦྱངས། ཨ་ཁུ་གྲགས་པ་དར་རྒྱས་ཚང་གི་དྲུང་ནས་སྒྲ་རིག་སོགས་རིག་གནས་ཀུན་ལ་གསན་སྦྱོང་གནང་། དགུང་ལོ་ཉི་ཤུ་བར་ཨ་ལགས་ཁ་རྒྱ་རིན་པོ་ཆེའི་དྲུང་དུ་བསྙེན་པར་རྫོགས་ཏེ་གཅོད་དབང་ཡང་གསན། དེ་ནས་ཨ་ལགས་ཁ་རྒྱ་རིན་པོ་ཆེ་རང་དགོན་ཀོའུ་བ་དགོན་དུ་གདན་དྲངས་ཏེ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། བདེ་གསང་འཇིགས་གསུམ་གྱི་དབང་སོགས་བཀའ་ཆོས་མང་དུ་གསན། དགུང་ལོ་ཉེར་བཞི་བར་བཤད་སྒྲུབ་དར་རྒྱས་གླིང་འདིར་མཚན་ཉིད་གསར་དུ་བཙུགས། ཨ་ཁུ་བློ་བཟང་བསྟན་པ་ཚང་ལས་དབུ་མ། མཛོད། འདུལ་བ་རྣམས་ལ་ལེགས་པར་སྦྱངས། རང་དགོན་དུ་གཅོད་དབང་ལན་བཞི། འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་། ཚེ་དབང་། འཇམ་དབྱངས་ནག་པོ་དང་དཀར་བོའི་རྗེས་གནང་། འཇིགས་བྱེད་བསྙེན་ཁྲིད་སོགས་དབང་ལུང་རྗེས་གསུམ་གྱི་བཀའ་དྲིན་མང་དུ་བསྩལ། ཁོང་གི་གསུང་རྩོམ་ནི་ཞུ་དག་བྱས་པའི་དཔེ་དྲུག་བདུན་ཙམ་དང་། ཞུ་དག་མ་བྱས་པ་དང་གཉིས་ཀ་བསྡོམས་པའི་པོད་བཅུ་གཅིག་ཙམ་བཞུགས། ད་ལྷའང་སྒྲ་མཆན་སོགས་ཡོད། སྒར་བ་ཚང་[655]ལ་འབྱོར་བ་ཧ་ཅང་ཆུང་བས་དཔར་ལ་འཁོད་མ་ཐུབ་པ་རེད། མདོར་ན་སྐུ་ཚེ་ཧྲིལ་བོ་ལ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མིག་འབྲས་ལྟར་གཅེས་པར་སྲུང་ཞིང་། མཚན་མོར་ལྕུག་གུ་ཙམ་ཡང་མི་གྲོལ་བར་ཉིན་དང་མཚན་དུ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད་དོ། ཁོང་གི་སྐུ་གདུང་སྐུ་འབུམ་དགོན་ནས་རང་དགོན་དུ་གདན་དྲངས་ཏེ་གདུང་རུས་ནང་བཞུགས་ཀྱི་སྐུ་གདུང་མཆོད་རྟེན་ད་ལྟའང་ཀོའུ་བ་དགོན་དུ་བཞུགས།
- language:
- Tibetan