- rje 'bum sgang lha khang dang man thang ring po
- ID:
- T230622
- རྗེ་འབུམ་སྒང་ལྷ་ཁང་དང་མན་ཐང་རིང་པོ (Tibetan, Tibetan script, Original)
- > rje 'bum sgang lha khang dang man thang ring po (Tibetan, Latin script, Transliteration-THL Extended Wylie Transliteration)
- > jé bum gang lhakhang dang men tang ringpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ལྷ་སའི་རྗེ་འབུམ་སྒང་ལྷ་ཁང་ནི་དེ་སྔ་དུས་རབས་བཅོ་བརྒྱད་པའི་སྟོད་ཆར་ཝང་འགྱུར་མེད་རྣམ་རྒྱལ་གྱི་མགྲོན་གཉེར་བློ་བཟང་བཀྲ་ཤིས་སོགས་ཀྱིས་བོད་སྡོད་ཨམ་བན་སོགས་རྒྱ་རིགས་ཁྱོན་ཆེ་བསད་པ་ཚོའི་སྒྲིབ་སྦྱོངས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པས་རྗེ་ཙོང་ཁ་པའི་སྐུ་བརྙན་སོར་ལྔ་བྱས་པ་འབུམ་གཅིག་ཕྱག་བསྟར་མའི་པར་འདེབས་གནང་སྟེ་ནང་བཞུགས་བྱས་བའི་བྱང་ཆུབ་མཆོད་རྟེན་ཐོག་རྩེགས་ལྔ་ཙམ་ཞིག་གསར་བཞེངས་གནང་། མཆོད་རྟེན་དེའི་དབུ་ཏོག་འོག་ནས་ཕྱོགསབཞིར་ལྕགས་ཐག་ལ་དྲིལ་བུ་བཏགས་ཡོད་པས་རླུང་བུ་རྒྱག་སྐབས་དྲིལ་བུའི་སྒྲ་གྲོང་ཁུལ་ཀུན་ཏུ་ཁྱབ་ཀྱི་ཡོད་པ་དང་། མཆོདརྟེན་གྱི་ནང་དུ་ཡོད་པའི་ལྷ་ཁང་བརྒྱུད་ཆོས་འཁོར་བཅུ་གསུམ་གྱི་ནང་ནས་སྐས་འཛེག་སྟེ་དབུ་ཏོག་འོག་དོན་ས་ཡོད་པས། རྒྱ་འབུམ་མཐོ་བའི་སྒང་ལ། །མཐོ་རིང་སྐས་འཛེག་བཙུགས་ཤག །ཕྱོགས་བཞི་གང་ནས་བལྟས་ཀྱང་། །སྙན་པའི་དྲིལ་བའི་སྐད་རེད། །ཅེས་པའི་དམངས་གཞས་ཀྱང་ཡོད་འདུག དུས་རབས་བཅུ་དགུ་པའི་མཇུག་ཏུ་སྲིད་སྐྱོང་དེ་མོ་འཕྲིན་ལས་རབ་རྒྱས་ཀྱི་དུས་མཆོད་རྟེན་དེར་ཉམས་གོག་ཆེ་ཙམ་བྱུང་བའི་སྐབས་དེ་དང་བསྟུན་ནས་ཕྱི་རྒྱར་རྩེ་ཕོ་བྲང་གི་ཤར་དུ་མཆོད་རྟེན་ཡོད་པ་མི་ལེགས་ཚུལ་དང་། དོན་དུ་བསྟན་རྒྱས་གླིང(བསྟན་རྒྱས་གླིང་ནི་དེ་མོའི་བཞུགས་གནས་ཡིན)གི་ཤར་དུ་མཆོད་རྟེན་ཡོད་ན་ནུབ་ཀྱི་གྲོང་སྟོངས་ཞེས་པ་མི་ལེགས་པ་ཡིན་ཚུལ་ལ་དགོངས་ཏེ་མཆོད་རྟེན་དེ་བཤིག་ཐོག མཆོད་རྟེན་གྱི་ནང་བཞུགས་རྗེ་སྐུ་རྣམས་ལམ་དཀྱིལ་དུ་གསར་དུ་སྐྲུན་པའི་ཚ(སྰཙྪ)ཁང་རིང་པོའི་ནང་བཞུགས་སུ་བཅུག་ནས་མཆོད་རྟེན་གྱི་ཤུལ་དུ་བསམ་ཡས་གཙུག་ལག་ཁང་ལ་དཔེ་བྱས་ནས་ལྷ་ཁང་གསུམ་ཐོག་གསར་བཞེངས་ཀྱིས་རྟེན་གཙོར་བྱམས་པའི་འཇིམ་སྐུ་ཉིས་ཐོག་སོགས་དང་། འཁོར་ཡུག་ཏུ་རྗེ་ཙོང་ཁ་པའི་འཇིམ་སྐུ་དཔར་མ་ཐོ་གང་ལྷག་ཙམ་བྱས་པ་འབུམ་གཅིག་བཞེངས། འཛིན་བདག་རྩེ་རྣམ་རྒྱལ་གྲྭ་ཚང་ནས་བྱེད། དེའི་བྱང་དུ་ཡོད་པའི་ཞི་ཁྲོ་ལྷ་ཁང་ནི་དུས་རབས་བཅུ་དགུ་པའི་ནང་བོད་ས་གནས་སྲིད་གཞུང་ནས་བཞེངས་ཤིང་། རྟེན་གཙོ་གསེར་ཟངས་ཀྱི་ཇོ་བོ་དང་། རྡོ་རྗེ་སེམས་དཔའ། སློབ་དཔོན་རིན་པོ་ཆེ་བཅས་ཀྱི་སྐུ་མི་ཚད་དང་། ཞི་ཁྲོ་དམ་པ་རིགས་བརྒྱའི་འཇིམ་སྐུ་སོགས་ཡོད། ལྷ་ས་བའི་ཞི་ཁྲོའི་སྐྱིད་སྡུག་གིས་བདག་པོ་བྱེད།
- language:
- Tibetan
2. Thupten Phuntsok Dictionary
ལྷ་སའི་རྗེ་འབུམ་སྒང་ལྷ་ཁང་ནི་དེ་སྔ་དུས་རབས་བཅོ་བརྒྱད་པའི་སྟོད་ཆར་ཝང་འགྱུར་མེད་རྣམ་རྒྱལ་གྱི་མགྲོན་གཉེར་བློ་བཟང་བཀྲ་ཤིས་སོགས་ཀྱིས་བོད་སྡོད་ཨམ་བན་སོགས་རྒྱ་རིགས་ཁྱོན་ཆེ་བསད་པ་ཚོའི་སྒྲིབ་སྦྱོངས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པས་རྗེ་ཙོང་ཁ་པའི་སྐུ་བརྙན་སོར་ལྔ་བྱས་པ་འབུམ་གཅིག་ཕྱག་བསྟར་མའི་པར་འདེབས་གནང་སྟེ་ནང་བཞུགས་བྱས་པའི་བྱང་ཆུབ་མཆོད་རྟེན་ཐོག་རྩེགས་ལྔ་ཙམ་ཞིག་གསར་བཞེངས་གནང་། མཆོད་རྟེན་དེའི་དབུ་ཏོག་འོག་ནས་ཕྱོགས་བཞིར་ལྕགས་ཐག་ལ་དྲིལ་བུ་བཏགས་ཡོད་པས་རླུང་བུ་རྒྱག་སྐབས་དྲིལ་བུའི་སྒྲ་གྲོང་ཁུལ་ཀུན་ཏུ་ཁྱབ་ཀྱི་ཡོད་པ་དང་། མཆོད་རྟེན་གྱི་ནང་དུ་ཡོད་པའི་ལྷ་ཁང་བརྒྱུད་ཆོས་འཁོར་བཅུ་གསུམ་གྱི་ནང་ནས་སྐས་འཛེག་སྟེ་དབུ་ཏོག་འོག་དོན་ས་ཡོད་པས། རྒྱ་འབུམ་མཐོ་བའི་སྒང་ལ། །མཐོ་རིང་སྐས་འཛེག་བཙུགས་ཤག །ཕྱོགས་བཞི་གང་ནས་བལྟས་ཀྱང་། །སྙན་པའི་དྲིལ་བུ་སྐད་རེད། །ཅེས་པའི་དམངས་གཞས་ཀྱང་ཡོད་འདུག དུས་རབས་བཅུ་དགུ་པའི་མཇུག་ཏུ་སྲིད་སྐྱོང་དེ་མོ་འཕྲིན་ལས་རབ་རྒྱས་ཀྱི་དུས་མཆོད་རྟེན་དེར་ཉམས་གོག་ཆེ་ཙམ་བྱུང་བའི་སྐབས་དེ་དང་བསྟུན་ནས་ཕྱི་རྒྱར་རྩེ་ཕོ་བྲང་གྱི་ཤར་དུ་མཆོད་རྟེན་ཡོད་པ་མི་ལེགས་ཚུལ་དང་། དོན་དུ་བསྟན་རྒྱས་གླིང (བསྟན་གླིང་ནི་དེ་མོའི་བཞུགས་གནས་ཡིན) གི་ཤར་དུ་མཆོད་རྟེན་འཁེལ་བས་ཡིན་ཟེར་ཞིང་། དོན་དུ་ཤར་དུ་མཆོད་རྟེན་ཡོད་ན་ནུབ་ཀྱི་གྲོང་སྟོངས་ཞེས་པ་མི་ལེགས་པ་ཡིན་ཚུལ་ལ་དགོངས་ཏེ་མཆོད་རྟེན་དེ་བཤིག་ཐོག་མཆོད་རྟེན་གྱི་ནང་བཞུགས་རྗེ་སྐུ་རྣམས་ལམ་དཀྱིལ་དུ་གསར་དུ་སྐྲུན་པའི་ཚ (སཱཙྪ) ཁང་རིང་པོའི་ནང་བཞུགས་སུ་བཅུག་ནས་མཆོད་རྟེན་གྱི་ཤུལ་དུ་བསམ་ཡས་གཙུག་ལག་ཁང་ལ་དཔེ་བྱས་ནས་ལྷ་ཁང་གསུམ་ཐོག་གསར་བཞེངས་ཀྱིས་རྟེན་གཙོར་བྱམས་པའི་འཇིམ་སྐུ་ཉིས་ཐོག་སོགས་དང་། འཁོར་ཡུག་ཏུ་རྗེ་ཙོང་ཁ་པའི་འཇིམ་སྐུ་དཔར་མཐོ་གང་ལྷག་ཙམ་བྱས་པ་འབུམ་གཅིག་བཞེངས། འཛིན་བདག་རྩེ་རྣམ་རྒྱལ་གྲྭ་ཚང་ནས་བྱེད། དེའི་བྱང་དུ་ཡོད་པའི་ཞི་ཁྲོ་ལྷ་ཁང་ནི་དུས་རབས་བཅུ་དགུ་པའི་ནང་བོད་ས་གནས་སྲིད་གཞུང་ནས་བཞེངས་ཤིང་། རྟེན་གཙོ་གསེར་ཟངས་ཀྱི་ཇོ་བོ་དང་། རྡོ་རྗེ་སེམས་དཔའ། སློབ་དཔོན་རིན་པོ་ཆེ་བཅས་ཀྱི་སྐུ་མི་ཚད་དང་། ཞི་ཁྲོ་དམ་པ་རིགས་བརྒྱའི་འཇིམ་སྐུ་སོགས་ཡོད། ལྷ་ས་བའི་ཞི་ཁྲོའི་སྐྱིད་སྡུག་གིས་བདག་པོ་བྱེད།
- language:
- Tibetan