- ljid tshor
- ID:
- T230681
- ལྗིད་ཚོར (Tibetan, Tibetan script, Original)
- > ljid tshor (Tibetan, Latin script, Transliteration-THL Extended Wylie Transliteration)
- > ji tsor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བཟོ་དབྱིབས་སྐྲུན་པའི་སྒྱུ་རྩལ་གྱི་ནང་དུ་དབྱིབས་ལྡན་དངོས་པོ་རྣམས་ཇི་མ་ཇི་བཞིན་འབྲི་བ་དང་བཟོ་ཡི་ཡོད། བརྩམ་བྱར་མི་རྣམས་ཀྱི་མཐོང་སྣང་ཐོག་དངོས་པོ་མི་འདྲ་བ་སོ་སོའི་ལྗིད་ཡང་དང་སྲབ་མཐུག བོངས་ཚད། མགྱོགས་དལ། འགུལ་ལྡན་དང་འགུལ་མེད་སོགས་ཀྱི་ལྗིད་ཚད་མི་འདྲ་བའི་ཚོར་སྣང་ཡོང་གི་ཡོད། དཔེར་ན། ཤིང་སྣ་མང་ཉུང་། ཁང་པའི་ཆེ་ཆུང་། མཁའ་རླུང་གི་བཞའ་ཚན་དང་སྐམ་ཤས། ཡུལ་ལྗོངས་ཀྱི་ཐག་རིང་ཐུང་། རྟ་དང་འཁོར་ལོ་སོགས་ཀྱི་མྱུར་དལ་གྱི་རྣམ་པ་རྣམས་རི་མོའམ་འབུར་བརྙན་གྱི་བརྩམ་བྱའི་ཐོག་མངོན་ཚོར་ཐུབ་པ་དེར་ཟེར།
- language:
- Tibetan