Skip to main content Skip to search
nya rgyas jo mo dgon
ID:
T230723
  • ཉ་རྒྱས་ཇོ་མོ་དགོན (Tibetan, Tibetan script, Original)
    • > nya rgyas jo mo dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nya gyé jomo gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དགོན་པ་ནམ་བཏབས་ཀྱི་དུས་ཚོད་ཁ་གསལ་མི་འདུག བཤད་སྲོལ་ལྟར་ན་དར་རྒྱས་དགོན་པའི་བླ་མ་བསོད་ནམས་དབང་ཆེན་གྱིས་བཏབས། བླ་མ་དེའི་ཡང་སྲིད་སྐུ་ཕྲེང་གཉིས་པ་བྱམས་པ་བཤད་སྒྲུབ། སྐུ་ཕྲེང་གསུམ་པ་བློ་བཟང་དཔལ་ལྡན་ད་ལྟ་ཞལ་བཞུགས་བཞིན་པ་ལ་བརྟགས་ན་དགོན་པ་འདི་རབ་བྱུང་བཅོ་ལྔ་པའི་དཀྱིལ་ཙམ་དུ་བཏབས་ཡོད་པར་སེམས། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ཁོངས་སུ་ཡོད།

language:
Tibetan