Skip to main content Skip to search
nya 'dra
ID:
T230727
  • ཉ་འདྲ (Tibetan, Tibetan script, Original)
    • > nya 'dra (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nya dra (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྒྱལ་པོ་སྲོང་བཙན་སྒམ་པོ་སྐུ་གཤེགས་ཁར་མ་འོངས་པའི་གནས་ཚུལ་མང་པོ་ཞལ་ཆེམས་སུ་བཀའ་བསྩལ་བའི་ནང་། ལོ་བརྒྱ་ཕྲག་མ ང་པོ་འདས་པའི་རྗེས་སུ་ལྷ་ས་གཙུག་ལག་ཁང་ལ་ཆུ་སྐྱོན་བྱུང་བའི་སྐབས་ཞིག་གསོ་བྱ་ཐབས་གསུངས་སྐབས་ཆུ་སྐྱོན་ཐེངས་བཞི་བྱུང་བ་དང་དེ་སྐབས་ཆུ་སྐྱོན་གྱིས་བཅད་པའི་སྐམ་སའི་དབྱིངས་ཀྱང་ཐོག་མར་ཉ་འདྲ་བ་སྟེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ལྷ་ས་གཙུག་ལག་ཁང་གི་ཆུ་རགས་ཉམས་གསོའི་སྐོར་གསུངས་པའི《བཀའ་ཆེམས་ལྷོ་བྲག་ཁོ་མཐིང་ལྷ་ཁང་ནས་བཏོན་པའི་གཏོར་ མ》ནང་གི་ཚིག་དུམ་བུ་འགའ་ཞིག་《ཆོས་འབྱུང་མཁས་པའི་དགའ་སྟོན》གྱི་མཇུག་ཙམ་དུ་དྲངས་པར་མཛད་པ་ལས། གཙང་ ཆབ་ས་རྒྱ་གཅོད་ཚུལ་ནི། གཙང་ཆབ་གཡས་ལག་རྐྱོང་བའི་ཚེ། ། འུར་ཐོག་སྟེང་དུ་རྡོ་བཞག་འདྲ། ། ཞེས་གསལ་བ་ལྟར། ལྷ་ས་སྐྱིད་ཆུ་གཙང་པོ་རྒྱས་ཏེ་གཙང་ཆབ་ཀྱི་ཟུར་གཅིག་ལྷ་སའི་བྱང་ཕྱོགས་ནས་བསྐོར་ཏེ་ནུབ་ཕྱོགས་སུ་འགྲོ་སྐབས་གཙང་པོ་ལྷོ་བྱང་གཉིས་བར་གྱི་སྐམ་ས་ཉ་འདྲ་བ་སྟེ། འུར་ཐོག་གི་མཐིལ་འདྲ་བའི་ཉ་གཟུགས་ལྟར་གནས་པ་ལ་ཟེར་བར་གསུངས་ཤིང་། དེ་སྐབས་ཆུ་རགས་གང་འདྲ་རྒྱབ་དགོས་པའི་སྐོར་འོག་ཏུ་གསལ།

language:
Tibetan

2. Thupten Phuntsok Dictionary

(1)རྒྱལ་པོ་སྲོང་བཙན་སྒམ་པོ་སྐུ་གཤེགས་ཁར་མ་འོངས་པའི་གནས་ཚུལ་མང་པོ་ཞལ་ཆེམས་སུ་བཀའ་བསྩལ་བའི་ནང་། ལོ་བརྒྱ་ཕྲག་མང་པོ་འདས་པའི་རྗེས་སུ་ལྷ་ས་གཙུག་ལག་ཁང་ལ་ཆུ་སྐྱོན་བྱུང་བའི་སྐབས་ཞིག་གསོ་བྱ་ཐབས་གསུངས་སྐབས་ཆུ་སྐྱོན་ཐེངས་བཞི་བྱུང་བ་དང་དེ་སྐབས་ཆུ་སྐྱོན་གྱིས་བཅད་པའི་སྐམ་སའི་དབྱིབས་ཀྱང་ཐོག་མར་ཉ་འདྲ་བ་ཡོད་པ་དེ་ལ་ཟེར།

language:
Tibetan