- nya 'dra'i dus su gshog ltar sbron pa
- ID:
- T230728
- ཉ་འདྲའི་དུས་སུ་གཤོག་ལྟར་སྦྲོན་པ (Tibetan, Tibetan script, Original)
- > nya 'dra'i dus su gshog ltar sbron pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > nya dré dü su shok tar drönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ལྷ་ས་གཙང་པོ་བྱང་ངོས་ནས་ཆུ་ལག་བརྐྱང་སྟེ་སྐམ་ས་ཆུས་བཅད་པའི་དཀྱིལ་གྱི་བཟོ་དབྱིབས་མགོ་ཆེ་མགོ་ཆུང་ཉ་དང་འདྲ་བའི་དུས་སུ་ཆུ་རགས་རྒྱག་ཐབས་ནི་《སློབ་དཔོན་ཆེན་པོ་པདྨའི་བཀའ་ཆེམས་ལྷོ་བྲག་ཁོ་མཐིང་ལྷ་ཁང་གི་གཏེར་མ་》ལས། གཙང་པོའི་གཡས ་ལག་རགས་ཀྱིས་བཅད། ། རགས་ཁར་མཆོད་རྟེན་སྒོ་མང་བརྩིགས། ། ཞེས་གསལ་བ་ལྟར། ལྷ་ས་གཙང་པོའི་བྱང་ངོས་ནས་ཆུ་ལག་བརྐྱང་ས་དེར་ཆུ་རགས་གཙང་པོའི་གཞུང་ལ་འཕྲེད་དུ་བཅད་ནས་བརྩིགས་ཐོག་ཆུ་རགས་དེའི་སྟེང་དུ་མཆོད་རྟེན་བཀྲ་ཤིས་སྒོ་མང་རྩིག་དགོས་པར་གསུངས། དེ་ནི་གུང་ཐང་བླ་མ་ཞང་གི་སློབ་མ་དྭགས་སྒོམ་ཚུལ་ཁྲིམས་སྙིང་པོའི་དུས་ཆུ་རགས་དེ་རྒྱག་འགོ་ཚུགས་ཏེ་རིམ་བཞིན་ཆུ་རགས་དེ་ལ་ཞིག་གསོས་ཐེངས་མང་པོ་བྱས་པའི་ལོ་རྒྱུས་ཡོད།
- language:
- Tibetan
2. Thupten Phuntsok Dictionary
ལྷ་ས་གཙང་པོ་བྱང་ངོས་ནས་ཆུ་ལག་བརྐྱང་སྟེ་སྐམ་ས་ཆུས་བཅད་པའི་དཀྱིལ་གྱི་བཟོ་དབྱིབས་མགོ་ཆེ་མགོ་ཆུང་ཉ་དང་འདྲ་བའི་དུས་སུ་ཆུ་རགས་རྒྱག་ཐབས་ནིསློབ་དཔོན་ཆེན་པོ་པདྨའི་བཀའ་ཆེམས་ལྷོ་བྲག་ཁོ་མཐིང་ལྷ་ཁང་གི་གཏེར་མ》ལས། གཙང་པོའི་གཡས་ལག་རགས་ཀྱིས་བཅད། །རགས་ཁང་མཆོད་རྟེན་སྒོ་མང་བརྩིགས། །ཞེས་གསལ་བ་ལྟར། ལྷ་ས་གཙང་པོའི་བྱང་ངོས་ནས་ཆུ་ལག་བརྐྱང་ས་དེར་ཆུ་རགས་གཙང་པོའི་གཞུང་ལ་འཕྲོད་དུ་བཅད་ནས་བརྩིགས་ཐོགས་ཆུ་རགས་དེའི་སྟེང་དུ་མཆོད་རྟེན་བཀྲ་ཤིས་སྒོ་མང་རྩིག་དགོས་པར་གསུངས། དེ་ནི་གུང་ཐང་བླ་མ་ཞང་སློབ་མ་དྭགས་སྒོམ་ཚུལ་ཁྲིམས་སྙིང་པོའི་དུས་སུ་ཆུ་རགས་དེ་རྒྱག་འགོ་ཚུགས་ཏེ་རིམ་བཞིན་ཆུ་རགས་དེ་ལ་ཞིག་གསོས་ཐེངས་མང་པོ་བྱས་པའི་ལོ་རྒྱུས་ཡོད།
- language:
- Tibetan