Skip to main content Skip to search
nya yi gnas skabs
ID:
T230740
  • ཉ་ཡི་གནས་སྐབས (Tibetan, Tibetan script, Original)
    • > nya yi gnas skabs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nya yi nekab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མངལ་དུ་ལུས་ཆགས་ནས་ཞག་བདུན་ཕྲག་དགུའི་དུས་སུ་མངལ་གནས་ལུས་ཅན་གྱི་བྱང་ཁོག་སྟོད་སྨད་གཉིས་ཀྱི་རྣམ་པ་དཀྱུས་གཅིག་ཏུ་ཆགས་ནས་མཚོན་བྱེད་ཉའི་གཟུགས་ལྟ་བུར་འགྱུར་བའི་སྐབས་ལ་ཟེར་ཏེ། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཟབ་མོ་ནང་གི་དོན་ལས། ནུར་ནུར་མེར་མེར་ལྟར་ལྟར་པོ། ལས་རླུང་གིས་དཀྲུགས་སྡུད་པར་བྱེད། མཁྲང་འགྱུར་ཞག་ནི་དང་པོ་ནས། རང་སོར་ཕྱེད་དང་བཅུ་གསུམ་གྱི། ཚད་ལྡན་དབུ་མ་སྲོག་རླུང་བཅས། བསྐྱེད་ནས་སྙིང་དང་ལྟེ་བ་ཡི། འཁོར་ལོ་རླུང་བཅུའི་རྟེན་ཆགས་ནས། ཉ་ཡི་རྣམ་པ་ལྟ་བུར་འགྱུར། ཞེས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་ཌཱུར་སྔོན་པོ་ལས། སྐབས་འདིར་སྲོག་པ་རྩའི་དབུ་མའི་ནུས་པས་ལུས་དཀྱུས་གཅིག་ཏུ་ཆགས་ཏེ་ཉ་ལྟ་བུར་གྲུབ་པ་ལ་ཉའི་གནས་སྐབས་ཞེས་གསུངས་པ་ཡིན་ནོ། ། ཞེས་གསུངས་པ་ལྟར་རོ། །

language:
Tibetan