- nyang bran grong smad pa
- ID:
- T230756
- ཉང་བྲན་གྲོང་སྨད་པ (Tibetan, Tibetan script, Original)
- > nyang bran grong smad pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyang dren drong mepa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཉང་བྲན་གྲོང་སྨད་པ་ནི་སྔོན་དུས་ཉང་བྲན་ཁུལ་གྱི་སྒེར་གཞིས་ཆེ་བ་ཞིག་ཡིན་པ་དེའི་ཞལ་ངོ་ཇའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོས་དགའ་ལྡན་ཕོ་བྲང་པའི་ལས་སྣེ་བཟུང་སྟེ་གཙང་པ་རྒྱལ་པོ་དང་འཐབ་རྩོད་བྱེད་པའི་ནང་བྱས་རྗེས་གཟེངས་ཐོན་བྱུང་། རབ་བྱུང་བ ཅུ་གཅིག་པའི་མེ་བྱ་(༡༦༥༧)ལོ་སྡེ་སྲིད་བསོད་ནམས་རབ་བརྟན་སྐུ་གཤིགས་རྗེས་ལྕགས་བྱི(༡༦༦༠)ལོ་ཇའི་སང་སྡེ་པ་འཕྲིན་ལ ས་རྒྱ་མཚོས་སྡེ་སྲིད་ཀྱི་འགན་ལོ་བརྒྱད་བཞེས་ནས་འདས།ས་ལུག(༡༦༧༩)ལོ་ཇའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོའི་ཚ་བོ་སངས་རྒྱ ས་རྒྱ་མཚོས་སྡེ་སྲིད་གནང་། གོང་གསལ་སྡེ་སྲིད་གཉིས་ཀྱི་ཁྱིམ་ཚང་དང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཐུགས་འདྲིས་ཆེ་སྟབས་ཏཱ་ལའི་ བླ་མ་སྐུ་ཕྲེང་ལྔ་པ་གྲོང་སྨད་དུ་ཡང་ཡང་ཕེབས་པའི་ལོ་རྒྱུས་ཡོད། གྲོང་སྨད་གཞིས་ཀ་ནས་ནུབ་ངོས་རི་འདབས་སུ་ར་མ་རྩེ་ཞེས་པའི་ གྱང་རོ་ཞིག་གི་མཐའ་སྐོར་དུ་སྟར་ཁ་དང་། ཁམ་བུའི་སྡོང་པོ་འགའ་ཞིག་ཡོད་ས་དེར་གྲོང་སྨད་ཀྱི་སྤྲོ་ཁང་ཡོད་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དེ་གར་འཁྲུངས་པ་ཡིན་ཟེར། བོད་རབ་བྱུང་བཅུ་གཉིས་པའི་ཆུ་ལུག་(༡༧༠༣)ལོ་སྡེ་སྲིད་ཀྱི་འགན་བཞེས་མཁན་ངག་དབང་ན་ཆེན་ཡང་གྲོང་སྨད་ཀྱི་མི་རྒྱུད་ཡིན་འདུག་ཤིང་བྱ(༡༧༠༥)ལོ་ནས་ལྷ་བཟང་ཁང་གིས་ད་དབང་བཟུང་རྗེས གྲོང་སྨད་གཞིས་ཀ་གཞུང་བས་ཀྱིས་རྒྱུ་དངོས་ཕལ་ཆེར་སེ་རའི་གྲྭ་པར་བགོས་པ་སོགས་བྱས་ཤིང་།དེ་རྗེས་གྲོང་སྨད་གཞིས་མ་ལག་དང་བཅས་པའི་བདག་ཐོབ་སེ་ར་སྤྱི་སོར་སྤྲད་དེ་སེ་ར་སྤྱི་སོ་གཉིས་གྲོང་སྨད་གཞིས་ཀར་གཏན་སྡོད་བྱས་ཐོགགཞིས་ཀའི་མཐའ་བསྐོར་པ་ཞེས་འབོད། སེ་ར་སྤྱི་སོས་གྲོང་སྨད་ཀྱི་ཐོན་འབབ་ནས་ལོ་རེ་སེ་རའི་གྲྭ་དམངས་ལ་འབྲུ་ཕོགས་རྒྱག་དགོས་ཀྱི་ཡོད།
- language:
- Tibetan
2. Thupten Phuntsok Dictionary
ཉང་བྲན་གྲོང་སྨད་པ་ནི་སྔོན་དུས་ཉང་བྲན་ཁུལ་གྱི་སྒེར་གཞིས་ཆེ་བ་ཞིག་ཡིན་པ་དེའི་ཞལ་ངོ་ཇའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོས་དགའ་ལྡན་ཕོ་བྲང་པའི་ལས་སྣེ་བཟུང་སྟེ་གཙང་པ་རྒྱལ་པོ་དང་འཐབ་རྩོད་བྱེད་པའི་ནང་བྱས་རྗེས་གཟེངས་ཐོན་བྱུང་། རབ་བྱུང་བཅུ་གཅིག་པའི་མེ་བྱ (༡༦༥༧) སྡེ་སྲིད་བསོད་ནམས་རབ་བརྟན་སྐུ་གཤེགས་རྗེས་ལྕགས་བྱི (༡༦༦༠) ལོ་ཇའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོས་སྡེ་སྲིད་ཀྱི་འགན་ལོ་བརྒྱད་བཞེས་སོ། །
- language:
- Tibetan