Skip to main content Skip to search
nyang bran ljags smin chu 'khor
ID:
T230758
  • ཉང་བྲན་ལྗགས་སྨིན་ཆུ་འཁོར (Tibetan, Tibetan script, Original)
    • > nyang bran ljags smin chu 'khor (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nyang dren jak min chu khor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཉང་བྲན་ལུང་ཚོའི་ཁོངས་སུ་ལྗགས་སྨིན་ཆུ་འཁོར་ཞེས་ཁྱིམ་ཚང་ཞིག་ཡོད་པ་དེས་དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཏྰ་ལའི་བླ་མའི་ལྗགས་སྨིན་གསོལ་ཞིབ་འཐག་ལས་བྱེད་དགོས་ཤིང་ཁྱིམ་ཚང་དེར་ལོ་ལྟར་ཟླ་རེའི་བོད་ཚེས་༡༥དང་༣༠བཅས་ལ་འཆར་ཅན་རྩེ་གསོལ་ཐབ་པ་སེར་སྐྱ་གཉིས་ནས་འགན་འཁུར་གྱི་ཏྰ་ལའི་བླ་མ་སྐུ་འཁོར་རྣམས་ཀྱི་གསོལ་ཞིབ་དང།གཟིམ་ཆུང་གི་མཆོད་པ་དང་། ཚོགས་ རྩམ་སོགས་ཕལ་ཆེར་རྩམ་ཁལ་དྲུག་བདུན་སྐོར་འཐག་ལས་བྱེད་དགོས་ཀྱི་ཡོད་སྟབས་ཁྱིམ་ཚང་དེར་ལྗགས་སྨིན་ཆུ་འཁོར་ཞེས་མིང་ཐོགས།

language:
Tibetan

2. Thupten Phuntsok Dictionary

ཉང་བྲན་ལུང་ཚོའི་ཁོངས་སུ་ལྗགས་སྨིན་ཆུ་འཁོར་ཞེས་ཁྱིམ་ཚང་ཞིག་ཡོད་པ་དེས་དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཏཱ་ལའི་བླ་མའི་ལྗགས་སྨིན་གསོལ་ཞིབ་འཐག་ལས་བྱེད་དགོས་ཤིང་ཁྱིམ་ཚང་དེར་ལོ་ལྟར་ཟླ་རེའི་ཚེས་༡༥དང་༣༠བཅས་ལ་འཆང་ཅན་རྩེ་གསོལ་ཐབ་པ་སེར་སྐྱ་གཉིས་ནས་འགན་འཁུར་གྱིས་ཏཱ་ལའི་བླ་མ་སྐུ་འཁོར་རྣམས་ཀྱི་གསོལ་ཞིབ་དང་། གཟིམ་ཆུང་གི་མཆོད་པ་དང་། ཚོགས་རྩམ་སོགས་ཕལ་ཆེར་རྩམ་ཁལ་བདུན་སྐོར་འཐག་ལས་བྱེད་དགོས་ཀྱི་ཡོད་སྟབས་ཁྱིམ་ཚང་དེར་ལྗགས་སྨིན་ཆུ་འཁོར་ཞེས་མིང་ཐོགས།

language:
Tibetan