- nyams pa'i chos can
- ID:
- T230793
- ཉམས་པའི་ཆོས་ཅན (Tibetan, Tibetan script, Original)
- > nyams pa'i chos can (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyampé chöchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རང་གི་སྟངས་རྟོགས་ལས་ཉམས་པའི་དགྲ་བཅོམ་པ་རྣམས་ཏེ། ཉན་ཐོས་ཀྱིས་དགྲ་བཅོམ་པ་རིགས་དྲུག་ཏུ་འདོད་པ་ཡིན་ཏེ། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་སྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་བསྐྱོད་པའི་ཆོས་ཅན་དང་།རྟོགས་པའི་འོས་སུ་གྱུར་པའི་ཆོས་ཅན་དང་།མི་འཁྲུགས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་དང་དྲག་གོ། །དེ་དག་ལ་བྱེ་བྲག་སྨྲ་པས་རང་གི་རིགས་དང་འབྲས་བུ་ཉམས་པ་གཉིས་ལས་ཐོག་མཐའ་གཉིས་ཕུད་པའི་བར་གྱི་བཞི་ནི་རང་གི་རིགས་ལས་ཉམས་པར་འགྱུར་གྱི་དང་པོ་ནི་རང་གི་རིགས་ལས་ཉམས་པ་མ་ཡིན་ཏེ།དེ་བ་དམན་པའི་རིགས་མེད་པའི་ཕྱིར་རོ། །དང་པོ་ལྔ་པོ་ཐམས་ཅད་ཀྱང་འབྲས་བུ་ལས་ཉམས་པར་འགྱུར་ཏེ། དང་པོ་ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ཡང་རང་གི་སྤངས་རྟོགས་ལས་ཉམས་ནས་རྒྱུན་ཞུགས་སུ་འགྱུར་བའང་སྲིད་པར་འདོད་དོ། །མདོ་སྡེ་པ་ལ་སོགས་པ་རྣམས་དགྲ་བཅོམ་པ་རང་གི་སྤངས་རྟོགས་ལས་ཉམས་པ་མི་འདོད་དེ།དེས་ཉོན་མོངས་པའི་ས་བོན་རྩ་བ་ནས་སྤོང་བའི་གཉེན་པོ་ཐོབ་པས་གཏན་དུ་མི་སྐྱེ་བའི་ཕྱིར་རོ། །ཉམས་ལེན་ལམ་དུ་འགྲོ་བྱེད་རྩ་བ་གཅིག་པུ། བླ་མ་དང་། ལྷ། ཆོས་བཅས་ལ་ཡིད་ཆེས་པའི་དད་པ།
- language:
- Tibetan
2. Thupten Phuntsok Dictionary
རང་གི་སྟངས་རྟོགས་ལས་ཉམས་པའི་དགྲ་བཅོམ་པ་རྣམས་ཏེ། ཉན་ཐོས་ཀྱིས་དགྲ་བཅོམ་པ་རིགས་དྲུག་ཏུ་འདོད་པ་ཡིན་ཏེ། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་སྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་བསྐྱོད་པའི་ཆོས་ཅན་དང་། རྟོགས་པའི་འོས་སུ་གྱུར་པའི་ཆོས་ཅན་དང་། མི་འཁྲུགས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་དང་དྲུག་གོ །དེ་དག་ལ་བྱེ་བྲག་སྨྲ་བས་རང་གི་རིགས་དང་འབྲས་བུ་ཉམས་པ་གཉིས་ལས་ཐོག་མཐའ་གཉིས་ཕུད་པའི་བར་གྱི་བཞི་ནི་རང་གི་རིགས་ལས་ཉམས་པར་འགྱུར་གྱི་དང་པོ་ནི་རང་གི་རིགས་ལས་ཉམས་པ་མ་ཡིན་ཏེ། དེ་བས་དམན་པའི་རིགས་མེད་པའི་ཕྱིར་རོ། །དང་པོ་ལྔ་པོ་ཐམས་ཅད་ཀྱང་འབྲས་བུ་ལས་ཉམས་པར་འགྱུར་ཏེ། དང་པོ་ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ཡང་རང་གི་སྤངས་རྟོགས་ལས་ཉམས་ནས་རྒྱུན་ཞུགས་སུ་འགྱུར་བའང་སྲིད་པར་འདོད་དོ། ། མདོ་སྡེ་པ་ལ་སོགས་པ་རྣམས་དགྲ་བཅོམ་པར་རང་གི་སྤངས་རྟོགས་ལས་ཉམས་པ་མི་འདོད་དེ། དེས་ཉོན་མོངས་པའི་ས་བོན་རྩ་བ་ནས་སྤོང་བའི་གཉེན་པོ་ཐོབ་པས་གཏན་དུ་མི་སྐྱེ་བའི་ཕྱིར་རོ། །
- language:
- Tibetan