Skip to main content Skip to search
nyi ma zla ba'i dwangs ma
ID:
T230835
  • ཉི་མ་ཟླ་བའི་དྭངས་མ (Tibetan, Tibetan script, Original)
    • > nyi ma zla ba'i dwangs ma (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nyima dawé dangma (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཉི་མའི་དྭངས་མ་གྲོངས་པའི་ཆོས་ཀྱིས་མ་གོས་པའི་བུ་མོའི་ཁམས་དང་། ཟླ་བའི་དྭངས་པ་དེ་བཞིན་བུའི་ཁམས་ཆ་མཉམ་པ་བུ་རམ་དང་བསྲེས་པའམ་གལ་ཏེ་དེ་ལྟར་མ་གྲུབ་ན་ཉི་མའི་དྭངས་མ་ལྷང་ཚེར་དམར་པོ་དང་། ཟླ་བའི་དྭངས་མ་དངུལ་ཆུ་བཙོ་བཀྲུ་སྦྱངས་གསུམ་བྱས་པ་ལ་བཞེད་པར་ཞིག་དང་། ཉི་མའི་དྭངས་མ་སྟར་བུ་དང་། ཟླ་བའི་དྭངས་མ་རྒུན་འབྲུམ་ལ་བཞེད་པར་ཞིག་གཉིས་མཆིས་པས་སྔ་མ་ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་མེས་པོའི་ཞལ་ལུང་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་གཉིས་ཀྱི་ནང་འཁོད་པ་དང་། ཕྱི་མ་སྐྱེམས་པ་ཚེ་དབང་གིས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་ཚིག་དོན་ཉི་མའི་ནང་འཁོད་པའོ། །

language:
Tibetan