- nying lo langs
- ID:
- T230853
- ཉིང་ལོ་ལངས (Tibetan, Tibetan script, Original)
- > nying lo langs (Tibetan, Latin script, Transliteration-THL Extended Wylie Transliteration)
- > nying lo lang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བུད་མེད་ལ་མངལ་འཁྲི་ནས་ཟླ་བ་གཅིག་ལོན་སྐབས་སུ་འབྱུང་བའི་མངལ་གནས་ལུས་ཅན་གྱི་ཆགས་སྡང་གི་འདུ་ཤེས་ཀྱི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་ཌཱུར་སྔོན་པོ་ལས། དང་པོ་མངལ་དུ་ཆགས་པ་དེ་ཟླ་བ་ལོན་པ་དང་། ཕོ་མོ་གཉིས་ཀྱི་གཟུགས་དང་མཚན་མ་དོད་པའི་དུས་མོར་ཡོང་རྒྱུ་ཡིན་ན་ཕ་ལ་ཆགས་ཤིང་མ་ལ་སྡང་བ་དང་། ཕོར་ཡོང་རྒྱུ་ཡིན་ན་མ་ལ་ཆགས་པ་དང་ཕ་ལ་ཞེ་སྡང་སྐྱེ་སྟེ། དེ་དུས་མཚན་མའི་ནང་དུ་ཉིང་ལོ་ལངས་པ་ཞེས་ཐ་སྙད་བཏགས་པའང་འབྱུང་། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan