Skip to main content Skip to search
nyes byas brgya dang bcu gsum
ID:
T231015
  • ཉེས་བྱས་བརྒྱ་དང་བཅུ་གསུམ (Tibetan, Tibetan script, Original)
    • > nyes byas brgya dang bcu gsum (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nyejé gya dang chusum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དང་པོ་གོས་བགོ་བའ་སྡེ་བཅུ་ནི།ཤམ་ཐབས་མཐོ་དམན་མཉམ་པའི་ཟླུམ་པོར་བགོ།ཧ་ཅང་ཐུང་ནས་བརྩེངས་དང་རིང་ནས་འཇོལ། །མས་སྣ་གླང་ཆེན་སྣ་ལྟར་ཕྱོགས་སུ་འཕྱངས། །གོང་ནས་ཏྰ་ལའི་ལོ་མ་བཞིན་དུ་བལྟེབ། །སྐ་རགས་བར་ནས་འཕུར་མ་བཞིན་དུ་འབུར། །སྐ་རགས་གོང་དུ་སྦྲུ་མགོའི་གདེངས་ཀ་ལྟར། །མཐོ་དམན་ཅན་རྣམས་ནམ་ཡང་མི་བྱ་ཞིང་། །སྣམ་སྤྱར་བླ་གོས་དག་ཀྱང་ཟླུམ་པོར་བགོ།ཧ་ཅང་རིང་དང་ཐུང་བ་མིན་པའོ། །གཉིས་པ་སྤྱོད་ཡུལ་འགྲོ་བ་ཉི་ཤུ་ནི། དྲན་དང་དང་ཤེས་བཞིན་ལུས་ངག་ཡོངས་སུ་བསྡམ། ། གོས་ཚེགས་ལེགས་པར་བགོ་ཞིང་ཅ་ཅོ་བསྐྱུང་། །མིག་མི་གཡེང་ཞིང་གཉའ་ཤིང་གང་ཙམ་བལྟ། །མགོ་བོ་མི་གཏུམས་ཤམ་ཐབས་བརྫེ་མི་བྱེད། །བླ་གོས་ཕྲན་པ་གཉིས་ཀར་གཟར་བ་མིན། །ལག་གཉིས་མདུན་ནས་གཉའ་བར་བསྣོར་བ་དང། །རྒྱབ་ནས་ལྟག་པར་བསྣོལ་ཏེ་འགྲོ་མི་བྱ། །མཆོངས་དང་གོས་རྒྱངས་རྐང་པའི་རྟིང་པ་དང་།བྲང་ཁ་ཁོ་ན་བཙུགས་ནས་མི་འགྲོ་ཞིང་། །ལག་པ་དཀུར་བརྟེན་གྲུ་རྒྱངས་བཅས་མི་འགྲོ་ཞིང། །ལག་པ་དཀུར་བརྟེན་གྲུ་རྒྱངས་བཅས་མི་འགྲོ།ལུས་ཉིད་ཀྱོག་པོར་མི་བསྒྱུར་ལག་མི་གཡོབ། །མགོ་བོ་མི་བསྒྱུར་གཞན་དང་ཕྲག་མི་སྤྲད། །ཕན་ཚུན་ལག་པ་སྦྲེལ་ནས་མི་འགྲོའོ། །གསུམ་པ་སྟན་ལ་འདུག་སོགས་ཀྱི་བསྡད་པར་མ་བགོས་དང་། །སྟན་ལ་སྲོག་ཆགས་ཡོད་མེད་མ་བརྟགས་དང་། །ལུས་ཀྱི་ལྗིད་བསྐྱུར་རྐང་པ་བསྣོལ་ཏེ་བརྐྱང་། །བརླ་གཉིས་དང་ནི་ལོང་བུ་བརྩེགས་པ་དང་། །ཁྲི་འོག་རྐང་བཀུག་རྐང་གཉིས་གདངས་ཏེ་བགྲད། །འདོམས་པར་བསྟན་པའི་སྐྱོན་དགུ་སྤངས་ལ་འདུག།ཞར་བྱུང་བརླབ་བྱ་ལག་པས་འགྲམ་མི་བརྟེན། །རྒྱབ་ཏུ་འདུག་སྟན་ཁུར་ནས་མི་འགྲོའོ། །བཞི་པ་ཟས་ལེན་ཚུལ་ལ་བརྒྱད་ཅན་གཅིག་ནི།ཟས་རྣམས་ལྷུང་བཟེད་ཁ་ལས་མཐོར་མི་ལེན། །འབྲས་ཆན་ཚོད་མ་མང་ཉུང་མཉམ་པར་ལེན། །གྲལ་རིམ་མཐར་ཆགས་སྔ་ཕྱི་མེད་པར་ལེན། །བླང་ཚེ་མི་གཡེང་ལྷུང་བཟེད་མིག་གིས་ལྟ། །ཟས་མ་བྱུང་བར་ལྷུང་བཟེད་མི་བཟེད་ཅིང་། །ཚོད་མ་འདོད་ནས་འབྲས་ཆན་འགེབས་པ་དང་། །འབྲས་ཆན་འདོད་ནས་ཚོད་མ་འགེབས་མི་བྱ། །བཟའ་བཅའི་སྟེང་དུ་སྣོད་གཞན་མི་བཟེད་དོ། །ལྔ་པ་ཁ་ཟས་སྤྱོད་ཚུལ་ཉེར་གཅིག་ནི།སྤྱོད་ལམ་མི་ལེགས་པ་ཡིས་བཟའ་མི་བྱ། །ཁམ་ཚད་ཧ་ཅང་ཆེ་དང་ཉུང་བ་མིན། །འཇིག་རྟེན་དང་མཐུན་རམ་པར་བཟའ་བྱ། །ཁ་སྒོར་མ་སླེབས་བཅུའིར་དུ་ཁ་མི་གདགས། །ཁ་ན་ཟས་ཀྱིས་གང་ནས་གཏམ་མི་སྨྲ། །མི་ཞིམ་ཙུག་ཙུག་ཞིམ་ལ་ཅག་ཅག་དང་། །གྲང་ལ་ཧུ་ཧུ་ཚ་མོར་ཕུ་ཕུ་དང་། །ཁ་ཡི་ཕྱི་རོལ་ལྕེ་ཕྱུང་བཟའ་མི་བྱ། །ཆན་སོགས་འབྲུ་མ་རེ་རེར་འཐུ་བ་དང་། །ཟས་ལ་འཕྱ་སྨོད་མཁུར་བ་གཡས་གཡོན་སྤོ། །རྐན་སྒྲ་གཏོག་ཅིང་ཁམ་འཕྲོ་སོ་ཡིས་གཅོད། །ལག་པ་སྣོད་དུ་འགོས་པ་ལྕེ་ཡིས་ལྡག།ལག་པར་ཟས་ཀྱིས་འགོས་ན་སྤྲུགས་པ་དང་། །ལྷུང་བཟེད་ཟས་དང་བཅས་པ་སྐྱོམ་སྐྱོམ་བྱེད། །ཟས་ལ་མཆོད་རྟེན་དབྱིབས་བཅོས་ཟས་རྣམས་སྤངས། །དྲུག་པ་ལྷུང་བཟེད་འཕྱས་མི་གདགས། །ལག་པ་ཟས་སྦགས་ཆུ་སྣོད་ལ་མི་རེག།གཞན་ལ་ཟས་དང་བཅས་པའི་ཆུ་མི་འཐོར། །ཟས་བཅས་འཁྲུད་ཆུ་ཁྱིམ་གཞན་འཕོ་མི་བྱ། །ཟས་ཀྱི་ལྷག་མ་ལྷུང་བཟེད་ནང་མི་བླུག།ལྷུང་བཟེད་འོག་སྟེགས་མེད་པར་ས་རྗེན་དང་། །གཡང་ས་གད་ཁ་དཀན་གཉེན་གཟར་བཞི་ལ། །མི་བཞག་གད་གཡང་དཀན་གཉེར་གསུམ་པོ་དང་། །འགྲེང་བཞིན་ལྷུང་བཟེད་མི་བཀྲུ་འབབ་ཆུ་ཡི། །རྒྱུན་ལས་ལྡོག་སྟེ་དེ་ཡིས་མི་བཅུའོ། །བདུན་པ་ཆོས་སྟོན་ཚུལ་ལ་ཉེར་དྲུག་ནི།ཉན་པོ་མི་ན་བཞིན་དུ་འདུག་པ་ལ། །རང་ཉིད་འགྲེངས་ཏེ་འཆད་དང་དེ་བཞིན་དུ། །ཉལ་དང་ཁྲི་སྟན་ཆེ་མཐོར་འདུག་པ་དང་། །མདུན་འགྲོར་རྒྱབ་དང་དབུས་འགྲོར་མདུན་ནས་བཤད། །མགོ་དཀྱིལ་གོས་བརྫེས་བླ་གོས་ཕྲག་གཉིས་གཟར། །ལག་པ་གཉའ་གོང་བསྣོལ་དང་ལྟག་པར་བསྣོལ། །ཐོར་ཚུགས་བཅིངས་དང་ཞྭ་གྱོན་ཅོད་པན་བཏགས། །མེ་ཏོག་ཕྲེང་དང་དར་སོགས་ཐོད་ཀྱིས་དཀྲིས། །གླང་ཆེན་རྟ་ཞོན་ཁྱོགས་དང་བཞོན་པར་འདུག།མཆིལ་ལྷམ་གྱོན་ཅིང་ལག་ན་འཁར་བ་གདུགས། །མཚོན་ཆ་རལ་གྲི་མདའ་གཞུ་ཐོགས་པ་དང། །གོ་ཆ་གྱོན་ལ་བཤད་རྣམས་མི་བྱའོ། །བརྒྱད་པ་སྒྲུབ་པའི་ཚུལ་གསུམ་ནད་མེད་པ་ནི།འགྲེང་བཞིན་པ་དང་ཆུ་དང་རྩྭ་སྔོན་ནང་། །བཤང་གཅི་མི་འདོར་ཆུ་ལ་མཆིལ་སྣབས་དང་། །སྐྱུག་པ་སོགས་ཀྱང་འདོར་བ་མི་བྱའོ། །དགུ་པ་རྒྱུ་བ་གཅིག་ནི།གནོད་མེད་པར་ཤིང་ལ་མི་གང་ལྷག་པར་མི་འཛེག་གོ།འདི་དག་སྤྱད་ན་ཉེས་བྱས་ཙམ་དུ་འགྱུར་ལ་འདི་དག་ལས་བཟློག་སྟེ་བསླབ་པར་བྱ་དགོས་ཞེས་གསུངས་སོ། །

language:
Tibetan

2. Thupten Phuntsok Dictionary

དང་པོ་གོས་བགོས་པའི་སྡེ་བཅུ་ནི། ཤམ་ཐབས་མཐོ་དམན་མཉམ་པའི་ཟླུམ་པོར་བགོ །ཧ་ཅང་ཐུང་ནས་བརྩེངས་དང་རིང་ནས་འཇོལ། །མས་སྣ་གླང་ཆེན་སྣ་ལྟར་ཕྱོགས་སུ་འཕྱངས། །གོང་ནས་ཏཱ་ལའི་ལོ་མ་བཞིན་དུ་བལྟེབ། །སྐ་རགས་བར་ནས་འཕུར་མ་བཞིན་དུ་འབུར། །སྐ་རགས་གོང་དུ་སྦྲུལ་མགོའི་གདེངས་ཀ་ལྟར། །མཐོ་དམན་ཅན་རྣམས་ནམ་ཡང་མི་བྱ་ཞིང་། །སྣམ་སྦྱར་བླ་གོས་དག་ཀྱང་ཟླུམ་པོར་བགོ །ཧ་ཅང་རིང་དང་ཐུང་བ་མིན་པའོ། །གཉིས་པ་སྤྱོད་ཡུལ་འགྲོ་བ་ཉི་ཤུ་ནི། །དྲན་དང་ཤེས་བཞིན་ལུས་ངག་ཡོངས་སུ་བསྡམ། །གོས་ཚེགས་ལེགས་པར་བགོ་ཞིང་ཅ་ཅོ་བསྐྱུང་། །མིག་གི་གཡེང་ཞིང་གཉའ་ཤིང་གང་ཙམ་བལྟ། །མགོ་བོ་མི་གཏུམས་ཤམ་ཐབས་བརྫེ་མི་བྱེད། །བླ་གོས་ཕྲག་པ་གཉིས་ཀར་གཟར་བ་མིན། །ལག་གཉིས་མདུན་ནས་གཉའ་བར་བསྣོར་བ་དང་། །རྒྱབ་ནས་ལྟག་པར་བསྣོལ་ཏེ་འགྲོ་མི་བྱ། །མཆོངས་དང་གོས་རྒྱངས་རྐང་པའི་རྟིང་པ་དང་། །བྲང་ཁ་ཁོ་ན་བཙུགས་ནས་མི་འགྲོ་ཞིང་། །ལག་པ་དཀུར་བརྟེན་གྲུ་རྒྱངས་བཅས་མི་འགྲོ། །ལུས་ཉིད་ཀྱོག་པོར་མི་བསྒྱུར་ལག་མི་གཡོ། །མགོ་བོ་མི་བསྒྱུར་གཞན་དང་ཕྲག་མི་སྤྲད། །ཕན་ཚུན་ལག་པ་སྤྲེལ་ནས་མི་འགྲོའོ། །གསུམ་པ་སྟན་ལ་འདུག་པའི་ཚུལ་དགུ་ནི། ཁྱིམ་བདག་སོགས་ཀྱི་བསྡད་པར་མ་བགོས་དང་། །སྟན་ལ་སྲོག་ཆགས་ཡོད་མེད་མ་བརྟགས་དང་། །ལུས་ཀྱི་ལྗིད་བསྐྱུར་རྐང་པ་བསྣོལ་ཏེ་བརྐྱང་། །བརླ་གཉིས་དང་ནི་ལོང་བུ་བརྩེགས་པ་དང་། །ཁྲི་འོག་རྐང་བཀུག་རྐང་གཉིས་གདངས་ཏེ་བགྲད། །ཞར་བྱུང་བསླབ་བྱ་ལག་པས་འགྲམ་མི་བརྟེན། །རྒྱབ་ཏུ་འདུག་སྟན་ཁུང་ནས་མི་འགྲོའོ། །བཞི་པ་ཟས་ལེན་ཚུལ་ལ་བརྒྱད་ཅན་གཅིག་ནི། ཟས་རྣམས་ལྷུང་བཟེད་ཁ་ལས་མཐོར་མི་ལེན། །འབྲས་ཆན་ཚོད་མ་མང་ཉུང་མཉམ་པར་ལེན། །གྲལ་རིམ་མཐར་ཆགས་སྔ་ཕྱི་མེད་པར་ལེན། །བླ་ཚེ་མི་གཡེང་ལྷུང་བཟེད་མིག་གིས་ལྟ། །ཟས་མ་བྱུང་བར་ལྷུང་བཟེད་མི་བཟེད་ཅིང་། །ཚོད་མ་འདོད་ནས་འབྲས་ཆན་འགེབས་པ་དང་། །འབྲས་ཆན་འདོད་ནས་ཚོད་མ་འགེབས་མི་བྱ།།འབྲས་བཅའི་སྟེང་དུ་སྣོད་གཞན་མི་བཟེད་དོ། །ལྔ་པ་ཁ་ཟས་སྤྱོད་ཚུལ་ཉེར་གཅིག་ནི། སྤྱོད་ལམ་མི་ལེགས་པ་ཡིས་བཟའ་མི་བྱ། །ཁམ་ཚད་ཧ་ཅང་ཆེ་དང་ཉུང་བ་མིན། །འཇིག་རྟེན་དང་མཐུན་རན་པར་བཟའ་བར་བྱ། །ཁ་སྒོར་མ་སླེབས་བར་དུ་ཁ་མི་གདངས།།ཁ་ན་ཟས་ཀྱིས་གང་ནས་གཏམ་མི་སྨྲ། །མི་ཞིམ་ཙུག་ཙུག་ཞིམ་ལ་ཅག་ཅག་དང་། །གྲང་ལ་ཧུ་ཧུ་ཚ་མོར་ཕུ་ཕུ་དང་། །ཁ་ཡི་ཕྱི་རོལ་ལྕེ་ཕྱུང་བཟའ་མི་བྱ། །ཆན་སོགས་འབྲུ་མ་རེ་རེར་འཐུ་བ་དང་། །ཟས་ལ་འཕྱ་སྨོད་མཁུར་བ་གཡས་གཡོན་སྤོ། །རྐན་སྒྲ་གཏོག་ཅིང་ཁམ་འཕྲོ་སོ་ཡིས་གཅོད། །ལག་པ་སྣོད་དུ་འགོས་པ་ལྕེ་ཡིས་ལྡག །ལག་པར་ཟས་ཀྱིས་འགོས་པ་སྤུགས་པ་དང་། །ལྷུང་བཟེད་ཟས་དང་བཅས་པ་སྐྱོམ་སྐྱོམ་བྱེད། །ཟས་ལ་མཆོད་རྟེན་དབྱིབས་བཅོས་ཟས་རྣམས་སྤངས། །དྲུག་པ་ལྷུང་བཟེད་སྤྱོད་ཚུལ་བཅུ་བཞི་ནི། དགེ་སློང་གཞན་གྱི་ལྷུང་བཟེད་འཕྱས་མི་གདགས། །ལག་པ་ཟས་སྦགས་ཆུ་སྣོད་ལ་མི་རེག །གཞན་ལ་ཟས་དང་བཅས་པའི་ཆུ་མི་འཐོར། །ཟས་ཀྱི་ལྷག་མ་ལྷུང་བཟེད་ནང་མི་བླུག །ལྷུང་བཟེད་འོག་སྟེགས་མེད་པར་ས་རྗེན་དང་། །གཡང་ས་གད་ཁ་དཀན་གཉེར་གཟར་བཞི་ལ། །མི་བཞག་གད་གཡང་དཀན་གཉེར་གསུམ་པོ་དང་། །འགྲེང་བཞིན་ལྷུང་བཟེད་མི་བཀྲུ་འབབ་ཆུ་ཡི། །རྒྱུན་ལས་ལྡོག་སྟེ་དེ་ཡིས་མི་བཅུའོ། །བདུན་པ་ཆོས་སྟོན་ཚུལ་ལ་ཉེར་དྲུག་ནི། ཉན་པོ་མི་ན་བཞིན་དུ་འདུག་པ་ལ། །རང་ཉིད་འགྲེངས་ཏེ་འཆད་དང་དེ་བཞིན་དུ། །ཉལ་དང་ཁྲི་སྟན་ཆེ་མཐོར་འདུག་པ་དང་། །མདུན་འགྲོར་རྒྱབ་དང་དབུས་འགྲོར་མདུན་ནས་བཤད། །མགོ་དཀྱིལ་གོས་བརྫེས་བླ་གོས་ཕྲག་གཉིས་གཟར། །ལག་པ་གཉའ་གོང་བསྣོལ་དང་ལྟག་པར་བསྣོལ། །ཐོར་ཚུགས་བཅིངས་དང་ཞྭ་གྱོན་ཅོད་པན་བཏགས། །མེ་ཏོག་ཕྲེང་དང་དར་སོགས་ཐོད་ཀྱིས་དཀྲིས། །གླང་ཆེན་རྟ་ཞོན་ཁྱོགས་དང་བཞོན་པར་འདུག །མཆིལ་ལྷམ་གྱོན་ཅིང་ལག་ན་འཁར་བ་གདུགས། །མཚོན་ཆ་རལ་གྲི་མདའ་གཞུ་རོགས་པ་དང་། །གོ་ཆ་གྱོན་ལ་བཤད་རྣམས་མི་བྱའོ། །བརྒྱད་པ་སྒྲུབ་པའི་ཚུལ་གསུམ་ནད་མེད་པ་ནི། འགྲེང་བཞིན་པ་དང་ཆུ་དང་རྩྭ་སྔོན་ནང་། །བཤང་གཅི་མི་འདོར་ཆུ་ལ་མཆིལ་སྣབས་དང་། །སྐྱུག་པ་སོགས་ཀྱང་འདོར་བ་མི་བྱའོ། །དགུ་པ་རྒྱུ་བ་གཅིག་ནི། གནོད་པ་མེད་པར་ཤིང་ལ་མི་གང་ལྷག་པར་མི་འཛེག་གོ །འདི་དག་སྤྱད་ན་ཉེས་བྱས་ཙམ་དུ་འགྱུར་ལ་འདི་དག་ལས་བཟློག་སྟེ་བསླབ་པར་བྱ་དགོས་ཞེས་གསུངས་སོ། །

language:
Tibetan