- nyes med phun sum tshogs pa
- ID:
- T231024
- ཉེས་མེད་ཕུན་སུམ་ཚོགས་པ (Tibetan, Tibetan script, Original)
- > nyes med phun sum tshogs pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyemé pünsum tsokpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རབ་ཏུ་བྱུང་ནས་སྡོམ་པ་བླངས་པ་ལ་བར་ཆད་ཧ་ཅང་མང་པོ་ཡོད་པ་དེ་དག་དང་བྲལ་བ་སྟེ། སྡོམ་པ་སྐྱེ་བའི་བར་ཆད་སོ་དགུ། སྡོམ་པ་གནས་པའི་བར་ཆད་བཞི།སྡོམ་པ་མཛེས་པའི་བར་ཆད་ལྔ་བཅུ་ང་གཅིག།སྡོམ་པ་གོང་འཕེལ་དུ་འགྲོ་བའི་བར་ཆད་བཞི་བཅུ་ཞེ་གསུམ་བཅས་དེ་རྣམས་གང་དང་ཡང་མི་ལྡན་པའི་སྒོ་ནས་རབ་བྱུང་བྱས་པ་ལ་ཟེར་ཞིང་།གོང་དུ་གསལ་བའི་བར་ཆད་དེ་དག་གི་ངོས་འཛིན་དང་ནུས་པའི་སྐོར་ཞིབ་པར་འདུལ་བའི་གཞུང་གི་ནང་གསལ་བས་འདིར་མིང་གི་རྣམ་གྲངས་ཙམ་ལས་མ་སྨྲོས་སོ། །
- language:
- Tibetan
2. Thupten Phuntsok Dictionary
རབ་བྱུང་ནས་སྡོམ་པ་བླངས་པ་ལ་བར་ཆད་ཧ་ཅང་མང་པོ་ཡོད་པ་དེ་དག་དང་བྲལ་བ་སྟེ།སྡོམ་པ་སྐྱེ་བའི་བར་ཆད་སོ་དགུ། སྡོམ་པ་གནས་པའི་བར་ཆད་བཞི། སྡོམ་པ་མཛེས་པའི་བར་ཆད་ལྔ་བཅུ་ང་གཅིག སྡོམ་པ་གོང་འཕེལ་དུ་འགྲོ་བའི་བར་ཆད་བཞི་བཅུ་ཞེ་གསུམ་བཅས་དེ་རྣམས་གང་དང་ཡང་མི་ལྡན་པའི་སྒོ་ནས་རབ་བྱུང་བྱས་པ་ལ་ཟེར་ཞིང་། གོང་དུ་གསལ་བའི་བར་ཆད་དེ་དག་གི་ངོས་འཛིན་དང་ནུས་པའི་སྐོར་ཞིབ་པར་འདུལ་བའི་གཞུང་གི་ནང་གསལ་བས་འདིར་མིང་གི་རྣམ་གྲངས་ཙམ་ལས་མ་སྨྲོས་སོ། །
- language:
- Tibetan