- nyes gsum duHkha
- ID:
- T231034
- ཉེས་གསུམ་དུཿཁ (Tibetan, Tibetan script, Original)
- > nyes gsum duHkha (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyé sum duh kha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཉེས་པ་ཞེས་གནོད་ཅིང་སུན་འབྱིན་པའི་དོན་ལ་འཇུག་པས་འདིར་ལུས་ལ་ལྷན་སྐྱེས་སུ་ཡོད་པའི་རླུང་དང་མཁྲིས་པ་བད་ཀན་གསུམ་པོ་རྐྱེན་གྱིས་བསྒྱུར་ནས་རྣམ་པར་གྱུར་ན་ལུས་སེམས་ལ་གནོད་ཅིང་སུན་འབྱིན་པར་བྱེད་པའི་དོན་དང་། དུ་ཁཿཞེས་ལེགས་སྦྱར་གྱི་སྐད་དུ། དུཿཁཾ། དེ་ཟུར་ཆག་པས་བོད་ཀྱི་སྐད་དུ་སྡུག་བསྔལ་གྱི་སྐད་དོད་ཡིན་པར་བློ་བརྟན་བཞི་པས་གསུངས།
- language:
- Tibetan