- nyon sgrib dang shes sgrib kun btags
- ID:
- T231053
- ཉོན་སྒྲིབ་དང་ཤེས་སྒྲིབ་ཀུན་བཏགས (Tibetan, Tibetan script, Original)
- > nyon sgrib dang shes sgrib kun btags (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyön drib dang shedrib küntak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རང་གི་བློས་དཔྱད་པ་བྱས་ནས་སམ་ཡང་ན་གྲུབ་མཐའ་ངན་པས་བློ་བསྒྱུར་བའི་དབང་གིས་ཡང་དག་པའི་དོན་ལ་ཕྱིན་ཅི་ལོག་གི་རྟོག་པས་ཀུན་ཏུ་བཏགས་པའི་སེམས་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་ཅན་དང་དེས་བཞག་པའི་བག་ཆགས་རྣམས་སོ། ། དཔེར་ན་གཞན་གྱི་གྲུབ་མཐའི་དབང་ངམ། རང་གི་བློས་དཔྱད་པ་བྱས་ནས་ང་ཞེས་བྱ་བ་ཅི་འདྲ་ཞིག་འདུག་སྙམ་དུ་བཙལ་བས། རང་གི་ལུས་སེམས་གཉིས་ལས་དོན་གཞན་ཡན་གར་དུ་ཡོད་པར་འཛིན་པའི་བདག་འཛིན་ཀུན་བཏགས་དང་ཕུང་པོ་བདེན་པར་འཛིན་པའི་བདེན་འཛིན་ཀུན་བཏགས་ལྟ་བུའོ། ། (དབུ་མ་རང་རྒྱུད་པའི་ལུགས་)
- language:
- Tibetan
2. Thupten Phuntsok Dictionary
རང་གི་བློས་དཔྱད་པ་བྱས་ནས་སམ་ཡང་ན་གྲུབ་མཐའ་ངན་པས་བློ་བསྒྱུར་བའི་དབང་གིས་ཡང་དག་པའི་དོན་ལ་ཕྱིན་ཅི་ལོག་གི་རྟོག་པས་ཀུན་ཏུ་བཏགས་པའི་སེམས་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་ཅན་དང་དེས་བཞག་པའི་བག་ཆགས་རྣམས་སོ། །དཔེར་ན་གཞན་གྱི་གྲུབ་མཐའི་དབང་ངམ། རང་གི་བློས་དཔྱད་པ་བྱས་ནས་ང་ཞེས་བྱ་བ་ཅི་འདྲ་ཞིག་འདུག་སྙམ་དུ་བཙལ་བས། རང་གི་ལུས་སེམས་གཉིས་ལས་དོན་གཞན་དུ་རང་གི་ཕུང་པོ་འདིར་དབང་བསྒྱུར་བ་པོའི་ང་ཞིག་ཡན་གར་དུ་ཡོད་པར་འཛིན་པའི་བདག་འཛིན་ཀུན་བཏགས་དང་ཕུང་པོ་བདེན་པར་འཛིན་པའི་བདེན་འཛིན་ཀུན་བཏགས་ལྟ་བུའོ། ། (དབུ་མ་རང་རྒྱུད་པའི་ལུགས)
- language:
- Tibetan