- nyon mongs can ma yin pa'i mi shes pa
- ID:
- T231059
- ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ (Tibetan, Tibetan script, Original)
- > nyon mongs can ma yin pa'i mi shes pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyönmong chen mayinpé mishepa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀྱིས་ཤེས་སྒྲིབ་ཅེས་པའི་ཐ་སྙད་ཁས་མི་ལེན་པ་མ་གཏོགས་ཉོན་མོངས་ཅན་མི་ཡིན་པའི་མི་ཤེས་པ་ཞེས་པ་སྤྱིར་ཤེས་སྒྲིབ་ལ་གོ་བ་ཡིན་ཏེ།གཙོ་བོ་ཐམས་ཅད་མཁྱེན་པ་འཐོབ་པ་ལ་གེགས་བྱེད་པའམ་བར་དུ་གཅོད་པ་ཡིན་པའི་ཕྱིར། མཚན་གཞི་ནི། དེ་བཞིན་གཤེགས་པའི་ཆོས་ཟབ་ཅིང་ཕྲ་བ་མི་ཤེས་པ་སོགས་མི་ཤེས་པའི་རྒྱུ་བཞི་ལྟ་བུའོ། ། ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པའི་མུན་པ་གཉིས་ཀ་གཏན་དུ་སྤངས་པ་ནི་སངས་རྒྱས་དང་།ཉོན་མོངས་ཅན་གྱི་མི་ཤེས་པ་གཏན་དུ་སྤངས་ཤིང་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་གཏན་དུ་མ་སྤངས་པོ་ནི་ཉན་ཐོས་དང་རང་རྒྱལ་གྱི་དགྲ་བཅོམ་པ་ཐོབ་པ་དག་ཡིན་པར་འདོད་དོ། ། ཕྲག་དོག འཚིག འཆབ་པ། སེར་སྣ། སྒྱུ། རྒྱགས་པ། རྣམ་འཚེའོ། །
- language:
- Tibetan
2. Thupten Phuntsok Dictionary
བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀྱིས་ཤེས་སྒྲིབ་ཅེས་པའི་ཐ་སྙད་ཁས་མི་ལེན་པ་མ་གཏོགས་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་ཞེས་པ་སྤྱིར་ཤེས་སྒྲིབ་ལ་གོ་བ་ཡིན་ཏེ། གཙོ་བོ་ཐམས་ཅད་མཁྱེན་པ་འཐོབ་པ་ལ་གེགས་བྱེད་པའམ་བར་དུ་གཅོད་པ་ཡིན་པའི་ཕྱིར། མཚན་གཞི་ནི། དེ་བཞིན་གཤེགས་པའི་ཆོས་ཟབ་ཅིང་ཕྲ་བ་མི་ཤེས་པ་སོགས་མི་ཤེས་པའི་རྒྱུ་བཞི་ལྟ་བུའོ། །ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པའི་མུན་པ་གཉིས་ཀ་གཏན་དུ་སྤངས་པ་ནི་སངས་རྒྱས་དང་། ཉོན་མོངས་ཅན་གྱི་མི་ཤེས་པ་གཏན་དུ་སྤངས་ཤིང་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་གཏན་དུ་མ་སྤངས་པ་ནི་ཉན་ཐོས་དང་རང་རྒྱལ་གྱི་དགྲ་བཅོམ་པ་ཐོབ་པ་དག་ཡིན་པར་འདོད་དོ། །གཡོ། ཕྲག་དོག འཚིག འཆབ་པ། སེར་སྣ། སྒྱུ། རྒྱགས་པ། རྣམ་འཚེའོ། །
- language:
- Tibetan