- gnyag phu pa bsod nams dbang phyug
- ID:
- T231079
- གཉག་ཕུ་པ་བསོད་ནམས་དབང་ཕྱུག (Tibetan, Tibetan script, Original)
- > gnyag phu pa bsod nams dbang phyug (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyak pupa sönam wangchuk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྗེ་འདི་ཉིད་རབ་བྱུང་ལྔ་པའི་ལྕགས་ཡོས (༡༢༩༡) ལོར་མུས་གླིང་སྐྱར་དུ་སྐུ་བལྟམས། དགུང་གྲངས་བཅུ་གཅིག་ལ་ཕེབས་སྐབས་མཁན་པོ་ཤཱཀྱ་མགོན་དང་སློབ་དཔོན་འོད་ཟེར་རྩེ་མོ་ལས་རབ་ཏུ་བྱུང་། མདོ་སྟོད་དུ་མཁན་ཆེན་ཀུན་རྒྱལ་ལས་འདུལ་བ། མུས་ཆེན་རྒྱལ་མཚན་དཔལ་དང་། སློབ་དཔོན་ཤེས་རབ་རལ་གྲི་སོགས་ལས་མདོ་ཕྱོགས་གསན། དགུང་ལོ་བཅུ་དགུ་པ་ལ་མཁན་ཆེན་ཆུ་བཟང་པ་དང་སློབ་དཔོན་འོད་ཟེར་རྩེ་མོ་ལས་བསྙེན་པར་རྫོགས། དེ་ནས་ཉན་ཆེན་པ་ལས་ལམ་འབྲས་སོགས་གསན། གཡའ་གདུང་རིངས་སུ་བསམ་གཏན་ལ་བཞུགས། སྦྱིན་བདག་དང་གཞི་བདག་མཆེད་གསུམ་དང་བཅས་པས་གཉག་ཕུ་དགོན་བཏབ་སྟེ་རྗེ་འདི་ལ་ཕུལ། བཤད་སྒྲུབ་ཀྱི་འཕྲིན་ལས་མཆོག་ཏུ་རྒྱས། སྐུ་ཚེ་སྨད་ཀྱི་མཛད་རྣམ་དང་འདས་ལོ་སོགས་མ་གསལ།
- language:
- Tibetan