- gnyag phu pa bsod nams bzang po
- ID:
- T231080
- གཉག་ཕུ་པ་བསོད་ནམས་བཟང་པོ (Tibetan, Tibetan script, Original)
- > gnyag phu pa bsod nams bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyak pupa sönam zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ཉིད་རབ་བྱུང་དྲུག་པའི་ལྕགས་སྦྲུལ་(༡༣༤༡)ལོར་གཙང་གསུམ་མདོར་སྐུ་འཁྲུངས།དགུང་ལོ་ལྔ་པ་ལ་གཉག་ཆེན ་བསོད་ནམས་དབང་ཕྱུག་ལ་དགེ་བསྙེན་ཞུས།དགུང་ལོ་བཅུ་གཅིག་པ་ལ་མཁན་པོ་དོན་གྲུབ་དཔལ་ལྡན་ལས་དགེ་ཚུལ་གྱི་སྡོམ་པ་མནོས།དེ་ནས་མཁན་པོ་ཡོན་ཏན་རྒྱ་མཚོ་དང་།ལས་སློབ་དཔལ་ལྡན་བརྩོན་འགྲུས་ལས་བསྙེན་པར་རྫོགས།ས་སྐྱ་ཉ་དབོན་ཀུན་དགའ་དཔལ་ལས་ཚད་མ་གསན།དེ་ཉིད་ཀྱི་སློབ་མ་བཞི་བརྒྱའི་ནང་ནས་མཆོག་ཏུ་གྱུར་ཅིང་།མཁན་ཆེན་བརྩོན་འགྲུས་དཔལ་ཡང་རིག་པས་བཅོམ་པས་སྟོན་པ་བཟང་བའི་གྲགས་པ་ཐོབ་།རྗེ་འདི་ཉིད་གཡག་ཕྲུག་སངས་རྒྱས་དཔལ་དང་།ཀརྨ་དཀོན་མཆོག་གཞོན་ནུ་།མཁས་པ་སངས་རྒྱས།དགེ་འདུན་སྒང་པའི་མཁན་པོ།ཁ་ཆེ་པཎ་ཆེན་གྱི་གདན་སེང་གེའི་ཁྲི་ལ་དགུང་གྲགས་ང་དྲུག་བར་ཞབས་བརྟན་འཁོད།རྩོམ་པ་ཕལ་ཆེར་འཕེལ།གཞན་གཉིས་དང་བཅས་དཔལ་ལྡན་ས་སྐྱའི་མཁས་པ་དྲུག་གིས་དབུས་གཙང་གི་གྲྭ་སྐོར་ལ་ཕེབས་སྐབས་ཉ་བརྩོན་གྱིས་གཉག་དབོན་བསླབ་པ་ཆེ་བར་འདུས་པས་གྲལ་གྱི་དབུས་སུ་ཞོག་ཅེས་བསྔགས་པ་མཛད།དེ་ནས་གསང་ཕུ་དང་རྩེད་ཐང་སོགས་སུ་བཀའ་ཆེན་བཞི་མདོ་རྒྱན་མཛོད་དྲུག་ལ་བཤད་པའི་སྒྲ་སྙན་ལྷག་པར་གྲགས།རྗེ་འདི་ཉིད་ཀྱིས་ཀུན་མཁྱེན་གངས་པ། དཔལ་ལྡན་བླ་མ་དམ་པ། མཁས་ཆེན་བྱང་སེང་། མ་ཏི་པཎ་ཆེན། རྒྱལ་སྲས་པ། ཐེག་ཆེན་ཆོས་རྗེ། ཇོ་ནང་ཕྱོགས་ལས་པ་སོགས་བླ་མ་ཡོངས་འཛིན་མང་པོ་བསྟེན་ནས་བདེ་མཆོག དུས་འཁོར། སྦྱོར་དྲུག སེམས་བསྐྱེད། ལམ་འབྲས་སོགས་ཟབ་ཆོས་དུ་མ་གསན་ཏེ་མཁས་པར་གྱུར། དགུང་ལོ་བཅོ་བརྒྱད་པར་ཇོ་གདན་མཁན་པོར་མངའ་གསོལ། ཞེ་གཅིག་པར་སྣེ་གདོང་གྲགས་པ་རྒྱལ་མཚན་པས་སྤྱན་དྲངས་ཏེ།ཇོ་གདན་སྐུ་ཤིན་ཏུ་བགྲེས་པ་ནས་མཛད་དེ་དགུང་ལོ་དོན་གསུམ་པ་ལ་《འདུལ་བའི་བཀའ་འགྲེལ་བདུད་རྩི་ཉིང་ཁུ་》དོན་བརྒྱད་པ་ལ་《ཆོས་དབྱིངས་བསྟོད་པའི་རྣམ་བཤད་སྙིང་པོ་དོ ན་གསལ》བརྒྱད་ཅུ་པ་ལ་《རྣམ་འགྲེལ་གྱི་ཊྰིཀ》གྱ་གཅིག་པ་ལ་《ལོ་ཙྰ་བ་སྐྱབས་མཆོག་གིས་གཞན་སྟོང་ད གག་པའི་ལན་ ལུང་རིགས་གཏེར་མཛོད་》གྱ་གསུམ་པ་ལ་《ལུང་སྡེ་བཞི་སོ་ཐར་གྱི་མདོ་དང་བཅས་པ་མཚན་བུ་》བཏབ།གྱ་ལྔ་པ་ལ་《རྒྱུད་བླའི་ཊྰི་ཀ་》མཛད་རྩོད་པ་ཡང་སངས་པ་དང་བདེ་གཤེགས་སྙིང་པོ་བསྐོར་ལ་རྩོད་པ་སོགས་འཆད་རྩོད་རྩོམ་གསུམ་གྱི་མཛད་ན་རླབས་ཆེན་བསྐྱངས།གསུང་ལས་སྐྱེས་པའི་སློབ་མ་ལ་མཚོན་ན།ཆོས་བཟང་ཉི་མ།དཀའ་བཅུ་པ་པདྨ་བཟང་པོ།ཀརྨ་དེ་བཞིན་གཤེགས་པ།ཀརྨ་མཐོང་བ་དོན་ལྡན།སྨྲ་བའི་སེང་གེ་རོང་སྟོན་ཆེན་པོ་སོགས་མང་དུ་བྱོན།དགུང་གྲངས་དགུ་བཅུ་གོ་གསུམ་ལ་ཕེབས་པ་རབ་བདུན་པའི་ཆུ་གླང་(༡༤༣༣)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ཉིད་རབ་བྱུང་དྲུག་པའི་ལྕགས་སྦྲུལ (༡༣༤༡) ལོར་གཙང་གསུམ་མདོར་སྐུ་འཁྲུངས། དགུང་ལོ་ལྔ་པ་གཉག་ཆེན་བསོད་ནམས་དབང་ཕྱུག་ལ་དགེ་བསྙེན་ཞུས། དགུང་ལོ་བཅུ་གཅིག་པ་ལ་མཁན་པོ་དོན་གྲུབ་དཔལ་ལྡན་ལས་དགེ་ཚུལ་གྱི་སྡོམ་པ་མནོས། དེ་ནས་མཁན་པོ་ཡོན་ཏན་རྒྱ་མཚོ་དང་ལས་སློབ་དཔལ་ལྡན་བརྩོན་འགྲུས་ལས་བསྙེན་པར་རྫོགས། ས་སྐྱར་ཉ་དབོན་ཀུན་དགའ་དཔལ་ལས་ཚད་མ་གསན། དེ་ཉིད་ཀྱི་སློབ་མ་བཞི་བརྒྱའི་ནང་ནས་མཆོག་ཏུ་གྱུར་ཅིང་། མཁན་ཆེན་བརྩོན་འགྲུས་དཔལ་ཡང་རིག་པས་བཅོམ་པས་སྟོན་པ་བཟང་བའི་གྲགས་པ་ཐོབ། རྩོམ་པ་ཕལ་ཆེར་སྐུ་ཤིན་ཏུ་བགྲེས་པ་ནས་དེ་དགུང་ལོ་དོན་གསུམ་པ་ལའདུལ་བའི་བཀའ་འགྲེལ་བདུད་རྩི་ཉིང་ཁུ》 དོན་བརྒྱད་པ་ལཆོས་དབྱིངས་བསྟོད་པའི་རྣམ་བཤད་སྙིང་པོ་དོན་གསལ》 བརྒྱད་ཅུ་པ་ལརྣམ་འགྲེལ་གྱི་ཊཱིཀ》 གྱ་གཅིག་པ་ལལོ་ཙཱ་བ་སྐྱབས་མཆོག་གིས་གཞན་སྟོང་དགག་པའི་ལན་ལུང་རིགས་གཏེར་མཛོད》གྱ་གསུམ་པ་ལ།ལུང་སྡེ་བཞི་སོ་ཐར་གྱི་མདོ་དང་བཅས་པ་མཆན་བུ》བཏབ། གྱ་ལྔ་པ་ལ་རྒྱུད་བླའི་ཊཱིཀ》མཛད། རྩོད་པ་ཡང་སངས་པ་དང་གསུམ་གྱི་མཛད་པ་རླབས་ཆེན་བསྐྱངས། དགུང་གྲངས་དགུ་བཅུ་གོ་གསུམ་ལ་ཕེབས་པ་རབ་བྱུང་བདུན་པའི་ཆུ་གླང (༡༤༣༣) ལོར་སྐུ་གཤེགས།
- language:
- Tibetan