- gnyad nad 'bar 'bur
- ID:
- T231083
- གཉད་ནད་འབར་འབུར (Tibetan, Tibetan script, Original)
- > gnyad nad 'bar 'bur (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyé né bar bur (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ནད་ཀྱི་རྟགས་ལ་བལྟོས་ནས་བཏགས་པའི་ལུས་ཀྱི་སྟོད་སྨད་ངེས་མེད་དུ་སྐྲངས་པ་འབར་འབུར་འབྱུང་བའི་གཉན་ནད་ཀྱི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་ལྷན་ཐབས་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ལས། གཉན་རིམས་འབར་འབུར་ཞེས་སུ་གྲགས་པ་ནི། ངོ་བོ་གཉན་རིམས་སྤྱི་དང་འདྲ་བ་ལ། རྟགས་ནི་ལུས་ཀྱི་སྟོད་སྨད་ངེས་མེད་དུ། སྐྲངས་པ་འབར་འབུར་འོང་ཞིང་ཟུག་གཟེར་ཆེ། ཞེས་དང་། སོག་པོ་ལུང་རིགས་བསྟན་དར་གྱིས་མཛད་པའི་མན་ངག་ལྷན་ཐབས་ཀྱི་དཀའ་གནས་བཀྲོལ་བ་རྣམ་རྒྱལ་གསེར་མདོག་གི་ཕྲེང་བ་ལས། འབར་འབུར་ནི་གནས་མ་ངེས་པར་འབུར་ཏེ་སྐྲངས་པས་སོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan