Skip to main content Skip to search
gnyan gyi re thag bzhi
ID:
T231085
  • གཉན་གྱི་རེ་ཐག་བཞི (Tibetan, Tibetan script, Original)
    • > gnyan gyi re thag bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nyen gyi ré tak shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདྲ་བའི་སྒོ་ནས་བཏགས་པའི་ཀླད་པའི་དར་སྟེང་དུ་རྒྱུ་བའི་འཕར་རྩའི་མིང་སྟེ། རྫོང་འཕྲང་འཕྲུལ་གྱི་ལྡེ་མིག་ལས། གཉན་གྱི་རེ་ཐག་བཞི་ནི། ཕྱི་ལྟག་ཁུང་ངོས་ནས་རྒྱུ་བའི་རྩེ་ནག་གཉིས་དང་། ནང་མུར་གོང་ངོས་ནས་རྒྱུ་བའི་གཉིད་ལོག་གཉིས་བཅས་བཞི་པོ་ཀླད་པའི་རྒྱ་དར་གྱི་སྟེང་དུ་ཤིང་ལོའི་འདབ་མ་ལྟར་འབྲེལ་བར་གནས་པའི་འཕར་རྩའི་མིང་སྟེ། དེ་ལ་ཅིའི་ཕྱིར་རེ་ཐག་བཞི་ཞེས་བཤད་ན། རྩ་དེ་བཞི་པོའི་རྩ་བ་ཕྱོགས་བཞི་རུ་གནས་ཤིང་རྩེ་མོ་ཀླད་པར་ཟུག་པ་དཔེར་ན། རེ་བ་ལས་བཟོས་པའི་སྦྲའི་ཆོན་ཐག་ཕྱོགས་བཞིར་བརྒྱང་བ་དང་འདྲ་བས་སོ། །

language:
Tibetan