- gnyan 'joms dpa' bo
- ID:
- T231087
- གཉན་འཇོམས་དཔའ་བོ (Tibetan, Tibetan script, Original)
- > gnyan 'joms dpa' bo (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyen jom pawo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དཔེ་རྒྱན་གྱི་སྒོ་ནས་བཏགས་པའི་སྔོ་སྟག་ཤའི་གབ་མིང་ཞིག་སྟེ། སྡེ་དགེ་དྲུང་འཚོ་བ་གུ་རུ་འཕེལ་གྱིས་མཛད་པའི་སྨན་གྱི་བརྡ་བསྡུས་དང་གབ་མིང་འགའ་ཞིག་བཀྲོལ་བ་བློ་གསལ་མགྲིན་པའི་རྒྱན་ལས། གཉན་འཇོམས་དཔའ་བོ་ནི་སྟག་ཤའི་གབ་མིང་སྟེ། ངེས་ཚིག་ནི་སྟག་ཤས་གཉན་ནད་འཇོམས་པར་བྱེད་པས་ན། དཔེ་དཔའ་བོའི་གཟུགས་སུ་བཀོད་པའོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan