Skip to main content Skip to search
gnyan thog dgon
ID:
T231089
  • གཉན་ཐོག་དགོན (Tibetan, Tibetan script, Original)
    • > gnyan thog dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nyen tok gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མིང་གཞན་དགེ་ལྡན་དམ་ཆོས་ཀུན་རྒྱས་གླིང་ཟེར། རབ་བྱུང་བཅོ་ལྔ་པའི་ལྕགས་བྱི་ལོ་(༡༩༠༠)ལོར་གཉན་ཐོག་གཅོད་པ་སྐུ་ཕྲེང་གཉིས་པ་སྐལ་བཟང་ཐབས་མཁས་རྒྱ་མཚོ་དང་། ཀྲང་ཀྱ་ཞབས་དྲུང་སྐུ་ཕྲེང་བཞི་པ་སྐལ་བཟང་དཀོན་མཆོག་རྒྱ་མཚོ་གཉིས་ཀྱིས་ཀུན་མཁྱེན་བཞི་བའི་བཀའ་གསུངས་བཞིན་སྔར་གྱི་སེར་སྡེ་དགོན་པར་བསྒྱུར། སེར་སྡེ་ནི་ཀུན་མཁྱེན་འཇིགས་མེད་དབང་པོས་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་གླང་(༡༧༨༡)ལོ་བཏབས། གྲུབ་མཐའ་དགེ་ལུགས་པ་ཡིན། འཆད་ཉན་གྱི་གཙོ་བོ་དུས་འཁོར་ལ་བྱེད། ད་ལྟའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དངུལ་རྭ་ཞང་གི་ཁོངས་སུ་ཡོད།

language:
Tibetan