Skip to main content Skip to search
gnyan mthing nag
ID:
T231091
  • གཉན་མཐིང་ནག (Tibetan, Tibetan script, Original)
    • > gnyan mthing nag (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nyen tingnak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ནད་ཀྱི་རྟགས་ལ་བལྟོས་ནས་བཏགས་པའི་རྐང་པར་ཤས་ཆེར་བབས་པའི་གཉན་ནད་རིགས་ཤིག་གི་མིང་སྟེ། རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད་པའི་མན་ངག་བྱེ་བ་རིང་བསྲེལ་ལས། བཀའ་བསྟན་གཞུང་ན་མ་གྲགས་ནད། མཐིང་ནག་གསོ་བའི་མན་ངག་ནི། རྒྱ་ནག་མཁས་པའི་གདམས་པ་བྲི། དང་པོ་གང་ན་བབས་པའི་སར། ཉིན་མཚན་མེད་པར་སྐམ་གཟེར་བྱེད། ཤ་མདོག་ཁམ་པ་འབྱུང་བར་འགྱུར། སྤྲ་མེ་མཆེད་ལྟར་ནག་པོར་འགྲོ། གྲང་ཤུམ་རེས་འབྱུང་རེས་མི་འབྱུང་། ཟླ་ཕྱེད་འདས་ནས་ཅུང་ཙམ་སྐྲངས། ཆུ་སེར་ཁམ་ནག་དྲི་ཆེན་འཛག རྩ་ཆུ་མ་ངེས་ཅིར་ཡང་སྟོན། གནས་ལ་ངེས་པ་མ་མཆིས་ཀྱང་། ཕལ་ཆེར་རྐང་ལ་བབས་པ་མང་། ཞེས་གསུངས་པ་ལྟར་རོ། །

language:
Tibetan