Skip to main content Skip to search
gnyan 'dul ba
ID:
T231092
  • གཉན་འདུལ་བ (Tibetan, Tibetan script, Original)
    • > gnyan 'dul ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nyen dulwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རི་མཐོའི་རྫ་རི་དང་། གཡའ་ཤག་སོགས་སུ་འཁྲུངས་ཤིང་། རྩ་བ་ཆུང་ལ་སྲ་མཁྲེགས་རྒྱུས་ཕྲན་མང་བ། ངར་པ་དམར་སྨུག་མཐོ་ཚད་སྨི་0.1~0.2ཙམ་ཟིན་པ། འགའ་ཤས་ཕྱོགས་གཅིག་ཏུ་ཡོན་པོ་སྐྱེ་བ། ངར་པའི་རྩ་བར་ལོ་མ་ལྗང་ནག་སྒོར་མོ་ཆུང་ལ་རེག་བྱ་ཅུང་རྩུབ་པ་འགའ་ཤས་དང་། སྟོད་ཆར་ལོ་མ་ལྗང་སྐྱ་སྒོར་དབྱིབས་སྤུ་ཆུང་ཅན་རེག་བྱ་འཇམ་པ་མང་པོ་གཅིག་གིས་གཅིག་བཀབ་པ། སྨན་དུ་སྦྱར་བྱ་ནི་ལོ་མ་སྟེ་ཟླ་7~8པར་སྙེ་དབྱིབས་ཀྱི་མེ་ཏོག་དཀར་ཞིབ་འདབ་མ་ལྔ་ཅན་མང་པོ་ཕུང་པོར་སྐྱེ་བ། སྨན་དུ་སྦྱར་བྱ་ནི་རྩ་བ་སྟེ་ཟླ་9~11པར་བརྐོས་ནས་ས་དྲེགས་གཙང་མར་བཀྲུས་ཐོག་གཤག་གཏུབ་གང་བདེར་བྱས་ལ་བསིལ་སྐམ་བྱ། རོ་ནུས། རོ་ཁ་ཞིང་བསྐ་ལ་ཅུང་ཟད་སྐྱུར། ཞུ་རྗེས་བསིལ། ནུས་པས་རྒྱུ་ལོང་ལ་སོགས་སྣོད་ཀྱི་ཚ་བ་སེལ། ཚད་འཁྲུ་གཅོད། རྒྱུ་རིམས་དམར་བཤལ་སོགས་ལ་ཕན་པ་ཡིན།

language:
Tibetan