Skip to main content Skip to search
gnyan nad kha med
ID:
T231094
  • གཉན་ནད་ཁ་མེད (Tibetan, Tibetan script, Original)
    • > gnyan nad kha med (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nyen nekha mé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ནད་ཀྱི་རྟགས་ལ་བལྟོས་ནས་བཏགས་པའི་གཉན་ནད་མཁལ་རྩ་དང་སྲིད་རྩར་ཞུགས་པའི་ནད་ཀྱི་མིང་སྟེ། གོང་སྨན་དཀོན་ཅོག་བདེ་ལེགས་ཀྱིས་མཛད་པའི་པོད་དམར་ལས། གཉན་ནད་ཁ་མེད་ཅེས་པའི་གདུག་པ་ཅན། གཉན་སྲིན་མཁལ་རྩ་སྲིད་རྩར་ཞུགས་པའི་ནད། ངོ་བོ་ཚ་གྲང་གསལ་ཁ་མེད་པའི་ཕྱིར། ཁ་མེད་ཅེས་བྱ་དེ་ཡི་བཅོས་ཐབས་བསྟན། ཞེས་དང་། སོག་པོ་ལུང་རིགས་བསྟན་དར་གྱིས་མཛད་པའི་མན་ངག་ལྷན་ཐབས་ཀྱི་དཀའ་གནས་བཀྲོལ་བ་རྣམ་རྒྱལ་སེར་མདོག་གི་ཕྲེང་བ་ལས། ཁ་མེད་ནི། རྟགས་མེད་དེ་ཚ་གྲང་མི་གསལ་བས་དེ་སྐད་ཟེར། ཞེས་གསུངས་པ་ལྟར་རོ།

language:
Tibetan