Skip to main content Skip to search
gnyan rims mkhris pa rtsar rgyug
ID:
T231103
  • གཉན་རིམས་མཁྲིས་པ་རྩར་རྒྱུག (Tibetan, Tibetan script, Original)
    • > gnyan rims mkhris pa rtsar rgyug (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nyen rim tripa tsar gyuk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཉན་ནད་སྣོད་མཁྲིས་ཀྱི་གནས་སུ་བབས་ནས་མཁྲིས་ཁུ་དང་ལྷན་དུ་དུག་ཅན་སྲིན་བུ་རྩར་རྒྱུག་པའི་ནད་ཀྱི་མིང་སྟེ། གོང་སྨན་དཀོན་ཅོག་བདེ་ལེགས་ཀྱིས་མཛད་པའི་པོད་དམར་ལས། གཉན་རིམས་མཁྲིས་པ་རྩར་རྒྱུག་ཅེས་བྱ་བ། ངོ་བོ་གཉན་ཚད་མཁྲིས་པར་འབབ་པའི་རིམས། དུག་ཅན་གཉན་སྲིན་མཁྲིས་ཁུའི་རྟར་ཞོན་ནས། རང་སར་མི་གནས་རྩ་མིག་ཀུན་ཏུ་རྒྱུག་ཡར་ལ་མགོ་དང་ཀླད་པ་བད་ཡུལ་འཕྲོག མར་ལ་མཁལ་མ་བརྒྱུངས་པར་ཆུ་ཡུལ་འཕྲོག དོན་ལ་གློ་དང་སྙིང་ལ་རླུང་ཡུལ་འཕྲོག ཕོ་ལོང་རྒྱུ་མ་སྣོད་དུ་མཁྲིས་ཡུལ་འཕྲོག ཤ་ལྤགས་ཕྱིར་ཤོར་སྟོབས་དང་ཁ་དོག་འཕྲོག མཇུག་ཏུ་མཁྲིས་གནས་རླུང་གིས་སྤྱད་བྱས་ནས། རང་གནས་སྲོག་རྩར་འཆོར་བས་འཚོ་བ་ཉུང་། ཞེས་གསུངས་པ་ལྟར་རོ།

language:
Tibetan