Skip to main content Skip to search
gnyan rims ngam ru
ID:
T231104
  • གཉན་རིམས་ངམ་རུ (Tibetan, Tibetan script, Original)
    • > gnyan rims ngam ru (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nyen rim ngam ru (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྔོན་གྱི་གཏམ་རྒྱུད་དང་སྦྱར་ནས་བཏགས་པའི་གཉན་ནད་གཙོ་བོ་གྲེ་བའི་གནས་སུ་བབས་པའི་མིང་སྟེ། གོང་སྨན་པའི་པོད་དམར་ལས། གཉན་རིམས་ངམ་རུ་ཞེས། སྔོན་ཕྱི་རོལ་པ་རྣམས་ཀྱིས་བསམ་སྦྱོར་ངན་པའི་ངན་སྔགས་ཀྱི་འཁོར་ལོ་རྭ་ནང་སྦས་ནས་ནང་པ་ལ་དབྱུགས་པའི་ཚེ། ནང་པའི་ལྷ་སྲིན་ཀུན་འཁྲུགས་ཤིང་མི་ལའང་ཟུག་གཟེར་ངམ་གནག་ཅིང་གཞན་ལ་འགོ་བའི་གཉན་རིམས་རྭ་གཏད་དམ་རུ་གཏད་ཅེས་ཀྱི་ནད་བྱུང་བ་ལ་ངམ་རུ་བཤད་དོ། །ཞེས་གསུངས་པ་ལྟར་རོ། །

language:
Tibetan