- gnyal ston dpal 'byor lhun grub
- ID:
- T231118
- གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ (Tibetan, Tibetan script, Original)
- > gnyal ston dpal 'byor lhun grub (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyal tön paljor lhündrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སེ་ར་དགོན་གྱི་ཁྲི་ཐོག་བརྒྱད་པ་འདི་ཉིད་རབ་བྱུང་བདུན་པའི་མེ་ལུག་༡༤༢༧ལོར་གཉལ་ཁུལ་དུ་སྐུ་བལྟམས། སྐུ་གཞོན་དུས་གསང་ཕུར་ཆོས་ཞུགས་མཛད་དེ་ཆོས་རྗེ་རིན་ཆེན་བྱང་ཆུབ་ཀྱི་ཞབས་ལ་གཏུགས་ནས་ཆོས་སློབ་མཛད། དེ་ནས་འབྲས་སྤུངས་ཟུར་ཁང་དུ་མཁས་པ་མུས་སྲས་པ་དང་དགའ་ལྡན་དུ་བ་སོ་ཆོས་རྗེ་སོགས་བསྟེན་ནས་མདོ་སྔགས་གཞུང་ལུགས་ལ་སྦྱང་བརྩོན་མཛད་པས་མཁས་པར་གྱུར། རྗེ་གྱེ་རེ་བཀའ་བཞི་བ་སོགས་ལས་བསྙེན་རྫོགས་བསྒྲུབས། བྱང་རྩེ་གྲྭ་ཚང་དང་གསང་ཕུ་སྤེ་སེར་གྲྭ་ཚང་གཉིས་ལ་མཚན་ཉིད་ཀྱི་འཆད་ཉན་མཛད། དེ་ནས་གསང་ཕུར་སྦེ་སེར་གྱི་འཆད་ཉན་མཛད་པ་ན་པཎ་ཆེན་ཤྰཀྱ་མཆོག་ལྡན་དང་།རྩེ་ཉག་པ་ཐལ་འགྱུར་གྱིས་བཅོམ་པས་མཚན་སྙན་གྲགས། གཞིས་ཀ་སྣེའི་པའི་དཔོན་དཔལ་འབྱོར་རྒྱལ་པོ་དང་། དཔོན་ས་བུ་ཁྲིད་དཔལ་འཛོམས་གཉིས་ཀྱིས་སེ་ར་བྱེས་གྲྭ་ཚང་བཙུགས་པའི་བྱེས་ཀྱི་སློབ་དཔོན་དང་པོ་དེ་རྗེ་འདིས་མཛད། ལོ་བཅུ་ལྔའི་རིང་གྲྭ་ཚང་དེའི་མཚན་ཉིད་ཀྱི་བཀའ་རྩོམ་《རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་རྣམ་བཤད་ལེགས་བཤད་སྙིང་པོའི་དོ་གས ལ་བར་བྱེད་པའི་བསྟན་པའི་སྒྲོན་མེ་》སོགས་ཕྱག་རྩོམ་མཛད། དགུང་ལོ་གྱ་བརྒྱད་ལ་ཕེབས་པ་རབ་བྱུང་དགུ་པའི་ཤིང་ཁྱི་(༡༥༡༤)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
སེ་ར་དགོན་གྱི་ཁྲི་ཐོག་བརྒྱད་པ་འདི་ཉིད་རབ་བྱུང་བདུན་པའི་མེ་ལུག (༡༤༢༧) ལོར་གཉལ་ཁུལ་དུ་སྐུ་བལྟམས། སྐུ་གཞོན་དུས་གསང་ཕུར་ཆོས་ཞུགས་མཛད་དེ་ཆོས་རྗེ་རིན་ཆེན་བྱང་ཆུབ་ཀྱི་ཞབས་ལ་གཏུགས་ནས་ཆོས་སློབ་མཛད། དེ་ནས་འབྲས་སྤུངས་ཟུར་ཁང་མཁས་པ་མུས་སྲས་པ་དང་དགའ་ལྡན་དུ་བ་སོ་ཆོས་རྗེ་སོགས་བསྟེན་ནས་མདོ་སྔགས་གཞུང་ལུགས་ལ་སྦྱང་བརྩོན་མཛད་པས་མཁས་པར་གྱུར། རྗེ་གྱེ་རེ་བཀའ་བཞི་བ་སོགས་་ལས་བསྙེན་རྫོགས་བསྒྲུབས། བྱང་རྩེ་གྲྭ་ཚང་དང་གསང་ཕུ་སྤེ་སེར་གྲྭ་ཚང་གཉིས་ལ་མཚན་ཉིད་ཀྱི་འཆད་ཉན་མཛད། དེ་ནས་གསང་ཕུར་སྦེ་སེར་གྱི་འཆད་ཉན་མཛད་པ་ན་པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྩེ་ཉག་པ་ཐལ་འགྱུར་གྱིས་བཅོམ་པས་མཚན་སྙན་གྲགས། བཀའ་རྩོམརྒྱལ་བའི་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་རྣམ་བཤད་ལེགས་བཤད་སྙིང་པོའི་དོན་གསལ་བར་བྱེད་པའི་བསྟན་པའི་སྒྲོན་མེ》སོགས་ཕྱག་རྩོམ་མཛད། དགུང་ལོ་གྱ་བརྒྱད་ལ་ཕེབས་པ་རབ་བྱུང་དགུ་པའི་ཤིང་ཁྱི (༡༥༡༤) ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བདུན་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ 1427 ལོར་གཉལ་དུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1514 ལོར་སྐུ་གཤེགས། ཁོང་གསང་ཕུར་ཕེབས་ཏེ་ཆོས་རྗེ་རིན་ཆེན་བྱང་ཆུབ་དང་། འབྲས་སྤུངས་སུ་བྱོན་ཏེ་མཁས་པ་མུས་སྲད་པ། དགའ་ལྡན་དུ་ཕེབས་ཏེ་བ་སོ་ཆོས་ཀྱི་རྒྱལ་མཚན་སོགས་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད་དེ་མཁས་པ་ཆེན་པོར་གྱུར། གྱེ་རེ་དཀའ་བཞི་པ་སོགས་ལ་བསྙེན་པར་རྫོགས་ཤིང་ཟབ་ཆོས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་གསན། དེ་ནས་དགའ་ལྡན་བྱང་རྩེའི་མཚན་ཉིད་གྲྭ་ཚང་གི་འཆད་ཉན་པ་མཛད། གསང་ཕུར་སྤེ་སེར་གྱི་འཆད་ཉན་པ་མཛད་སྐབས་པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྩེ་ཉག་པ་གཉིས་ཐལ་འགྱུར་གྱིས་བཅོམ་པས་སྙན་གྲགས་ཤིན་ཏུ་ཆེའོ། དགུང་ལོ་ལྔ་བཅུ་ང་ལྔ་པ་རབ་བྱུང་བརྒྱད་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ 1481 ལོར་སེ་ར་ཐེག་ཆེན་གླིང་གི་གདན་སའི་ཁྲི་ལ་བཞུགས་ནས་ལོ་ངོ་སོ་བཞིའི་རིང་དུ་གདན་ས་བསྐྱངས་ཤིང་ཆོས་སྲིད་གཉིས་ཀའི་སྒོ་ནས་ཡར་ལྡན་དུ་མཛད། དགུང་ལོ་བརྒྱད་ཅུ་གྱ་བདུན་[685]པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་སེ་ར་ཐེག་ཆེན་གླིང་གི་གདན་སའི་མཁན་རབས་བརྒྱད་པ་ཡིན་ནོ། །
- language:
- Tibetan