- gnyid log gnyis
- ID:
- T231126
- གཉིད་ལོག་གཉིས (Tibetan, Tibetan script, Original)
- > gnyid log gnyis (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyi lok nyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བྱེད་ལས་ལ་བལྟོས་ནས་བཏགས་པའི་ཨོལ་མདུད་སྟེང་ནས་གཡས་གཡོན་དུ་ཚོན་གང་རེ་གཞལ་བའི་སར་ཡོད་པའི་འཕར་རྩ་གཉིས་ཀྱི་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། གཉིད་ལོག་གཉིས་ནི། ཨོལ་མདུད་ཀྱི་སྟེང་ནས་གཡས་གཡོན་གཉིས་སུ་ཚོན་གང་རེ་གཞལ་བའི་སར་ཡོད་པའི་རླུང་ཁྲག་གཉིས་འདོམ་གྱི་འཕར་རྩའི་མིང་སྟེ། དེ་ལ་ཉིའི་ཕྱིར་གཉིས་ལོག་ཅེས་ཤེ་ན། རྩ་དེ་གཉིས་ལ་བརྡབ་འགྲམས་ཤོར་བའི་ཚེ་གཉིད་ལོག་པ་ལྟར་དྲན་མེད་དུ་བརྒྱལ་བར་འགྱུར་བས་ན་གཉིད་ལོག་ཅེས་ཟེར་བའམ་ཡང་ན་གཉིད་ཡེར་བའི་ཚེ་རྩ་དེ་གཉིས་ལག་པས་དལ་བུར་མཉེ་བས་གཉིད་ལོག་པར་འགྱུར་བས་ན་གཉིད་ལོག་ཅེས་མིང་བཏགས་པའོ། །
- language:
- Tibetan