Skip to main content Skip to search
snyigs ma ma zhu ba
ID:
T231302
  • སྙིགས་མ་མ་ཞུ་བ (Tibetan, Tibetan script, Original)
    • > snyigs ma ma zhu ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nyikma mashyuwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཟས་ཟོས་པ་རྣམས་ཕོ་བའི་མེ་དྲོད་ཀྱིས་མྱག་བཞུ་སྦྱངས་གསུམ་བྱེད་མ་ཐུབ་ནས་མ་ཞུ་བར་གྱུར་པའི་ནད་ཀྱི་མིང་སྟེ། མན་ངག་ཡོན་ཏན་རྒྱུད་ལས། དེ་ལ་སྙིགས་མ་མ་ཞུ་ཞེས་བྱ་བ། ཁ་ཟས་མ་ཞུ་རང་སར་ཕོ་ལོང་ལས། བད་ཀན་བེ་སྣབས་འཕེལ་བས་གཏུམས་ནས་གནས། རྙིང་ནས་སྙིགས་མ་འདྲིལ་བས་ཟས་སྐྲན་འགྱུར། ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། དྭངས་མ་མ་ཞུ་བ་དང་སྙིགས་མ་མ་ཞུ་བ་ཞེས་པ་ནི། དང་པོ་ནི་མེ་མཉམ་རླུང་གིས་དྭངས་སྙིགས་ཕྱེ་མ་ཐུབ་ནས་ཁ་ཟས་དྭངས་སྙིགས་འདྲེས་མ་ཐུབ་ནས་ཁ་ཟས་དྭངས་སྙིགས་འདྲེས་མ་དྭངས་མ་རྒྱུ་བའི་རྩ་ལམ་དུ་ཤོར་ནས་མཆིན་པའི་གནས་སུ་མ་ཞུ་བར་གྱུར་པའི་དོན་དང་། གཉིས་པ་ནི་ཁ་ཟས་ཀྱི་ངོ་བོ་མ་འགྱུར་བ་ཕོ་ལོང་གི་གནས་སུ་ལུས་ནས་མ་ཞུ་བར་གྱུར་པའི་དོན་ཡིན་ནོ། །འདི་ལ་ཁ་ཅིག་གིས་དྭངས་མ་མ་ཞུ་ཞེས་ཁ་ཟས་ཀྱི་ངོ་བོ་དྭངས་མར་གྱུར་ཚར་བའི་རྗེས་སུ་མ་ཞུ་བ་འདོད་པ་དང་། སྙིགས་མ་མ་ཞུ་བ་ཞེས་ཁ་ཟས་སྙིགས་མར་གྱུར་ཚར་བའི་རྗེ་སུ་མ་ཞུ་བ་འདོད་པ། ཡང་འགའ་ཞིག་གིས་དྭངས་མ་མ་ཞུ་བ་ཞེས་བཏུང་བར་འོས་པའི་སྐོམ་གྱི་རིགས་མ་ཞུ་བ་འདོད་ཅིང་། སྙིགས་མ་མ་ཞུ་བ་ཞེས་བཟའ་བར་འོས་པའི་ཟས་ཀྱི་རིགས་མ་ཞུ་བ་ལ་འདོད་པར་མཆིས་ཀྱང་དེ་དག་ནི་མ་ཡིན་ནོ་ཞེས་གསུངས།

language:
Tibetan