Skip to main content Skip to search
snying po rgyan las gsungs pa'i phyir bcos nyams len lnga
ID:
T231324
  • སྙིང་པོ་རྒྱན་ལས་གསུངས་པའི་ཕྱིར་བཅོས་ཉམས་ལེན་ལྔ (Tibetan, Tibetan script, Original)
    • > snying po rgyan las gsungs pa'i phyir bcos nyams len lnga (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nyingpo gyen lé sungpé chir chö nyamlen nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཚོགས་ཞིང་ལ་བཤགས་དྲལ་བའི་སྔགས་རྒྱས་སྐྱོང་། །ཕྱི་ནང་ཆུས་བཀྲུ་གཏུམ་མོས་ས་བོན་བསྲེག །སྐྱེ་མེད་དོན་སྒོམ་ཕྱི་ནང་དབང་བཞི་ལེན། །ཚོགས་སུ་ཞུ་དང་རྟེན་ལ་སྨྲེ་བཤགས་བརྗོད། །མཎྜལ་སོགས་འབུལ་བདེ་བཤགས་མཆོད་རྟེན་བཞེངས། །ཞི་བའི་མེས་སྦྱང་མཆོད་གཏོར་རྒྱ་ཆེན་བཏང་། །ལྷ་ཡི་སྔགས་བཟླ་ཟབ་མོའི་བསམ་གཏན་བསྒོམ། །སེམས་ཅན་སྲོག་སྐྱབས་མདོ་རྒྱུད་གསུང་རབ་བཀླག །བླ་མ་གཙུག་བསྟེན་ཟབ་མོའི་བདག་འཇུག་བྱ། །བདེར་བཤགས་ཡིག་བརྒྱ་དུས་བཟང་གཟུངས་སྔགས་བཟླ། །ལྟུང་བཤགས་ལན་དྲུག་རྡོར་སེམས་བསྒོམ་བཟླས་བྱ། །རྡོ་རྗེ་གསུམ་ལྡན་བླ་མའི་རྣལ་འབྱོར་དང་། དཔྱིད་ཐིག་དང་ནི་ཕྲ་མོའི་རྣལ་འབྱོར་བཅས་སོ། །

language:
Tibetan