Skip to main content Skip to search
snye mdo kun dga' bzang po
ID:
T231343
  • སྙེ་མདོ་ཀུན་དགའ་བཟང་པོ (Tibetan, Tibetan script, Original)
    • > snye mdo kun dga' bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nyé do kün ga zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ཉིད་ཡབ་བསོད་ནམས་དཔལ་མཚན་གཞན་སྙེ་མདོ་ཐམས་ཅད་མཁྱེན་པར་གྲགས་བའི་སྲས་སུ་རབ་བྱུང་བཞི་པའི་ས་རྟ་(༡༢༥༨)ལོར་སྙེ་མདོར་སྐུ་བལྟམས། དགུང་ལོ་བཞི་པ་ནས་ཀློག་ཡིག་ཕུལ་དུ་ཕྱིན། དགུང་ལོ་བཅུ་གཅིག་པའི་བར་དུ་ཡབ་ལས་རྙིང་མའི་རྒྱུད་སྒྲུབ་ཐབས་མང་དུ་གསན་ཞིང་། མཁྱེན་པས་གཞན་ལ་གསུངས་ཤིང་ཕྱག་ལེན་སློབ་པའི་སློབ་བསྡུས་ཤིང་། ཆོས་ཀྱི་ཁྲི་བརྩིགས་། ཡབ་ཀྱིས་ཕྱག་དཔེ་ཐམས་ཅད་གཏད། མདོ་སྔགས་ལུང་རིགས་མང་དུ་གསུངས་། བཅུ་གསུམ་པ་ལ་དཔལ་གསང་བ་འདུས་པའི་རྒྱུད་གསུངས། བཅུ་བཞི་པ་དང་བཅོ་ལྔ་པ་ལ་སྐུ་མཚམས་བསྡམས་ནས་སྒྲུབ་པ་མཛད། ཤངས་པ་ཚུལ་ཤེ་དང་ལྷན་དུ་གསང་རྙིང་གི་ཆོས་བཀའ་ཤིན་ཏུ་མང་བ་དང་ཞི་བྱེད་སྔ་ཕྱི་བར་གསུམ་གསན། དགུང་ལོ་བཅུ་དྲུག་པ་ལ་བ་རི་བའི་སྐུ་སྐྱེ་ཡིན་པར་ངེས་པ་རྙིད། སྤྱིལ་དཀར་བ་དང་ཆོས་མང་པོ་ཕན་ཚུན་གསན་བཞེས་མཛད་།བཅུ་བདུན་པ་ལ་འབྲི་གུང་དུ་བྱོན་པའི་ལམ་དུ་འཚལ་ལ་གསེར་ཁང་པ་དང་མཇལ་ཞིང་ཆོས་མང་དུ་ཞུས། འབྲི་གུང་དུ་རབ་བྱུང་མཛད། མེ་གླང་(༡༢༧༧)ལོར་ཆོས་རྗེ་བ་རི་བས་གདན་དྲངས་ནས་ལ་སྟོད་དུ་ཕེབས། ལོ་དེར་ཡབ་མཁར་ཆུར་གཤེགས། ལྕགས་སྦྲུལ་(༡༢༨༡)ལོར་སྙེ་མདོར་གྲུབ་ཐོབ་སེང་གེ་གྲགས་དང་མཇལ། གདམས་པ་ཡང་གནང་། ཆུ་ལུག་(༡༢༨༣)ལོར་གཡམ་བཟང་དད་འདོད་མཁར་དུ་གྲུབ་ཆེན་པ་ལ་དུས་འཁོར་རྒྱུད་འགྲེལ་ཚར་རེ་གསན། དགུང་ལོ་སོ་དྲུག་པ་ཆུ་སྦྲུལ་(༡༢༩༣)ལོར་བཅོམ་ལྡན་རིག་རལ་ལ་ཤ་བ་རའི་གཞུང་སོགས་ཞུས། ས་ཁྱི་(༡༢༩༨)ལོར་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ལས་དགྱེས་རྡོར། ནཱ་རོ་འགྲེལ་ཆེན། དབང་མདོར་བསྟན་གྱི་འགྲེལ་པ། མན་ངག་སྙེ་མ། ཀ་ལཱ་པ་སོགས་འཕགས་བོད་ཀྱི་སྒྲ་རིག་མང་དུ་གསན། མཁས་པའི་གོ་འཕང་བརྙེད། ཕྱིས་མི་གཡོ་བའི་རྒྱུད་དང་བྱ་བ་བཏུས་པ་གསན། དེ་ལྟར་གཞུང་ཟབ་མོ་ལ་གསན་བསམ་རྒྱ་ཆེ་ཞི ང་མཁྱེན་པའི་ཀློང་རྡོལ། སྐུ་ཚེ་གང་པོར་རྣམ་དཀར་གྱི་བྱ་བ་འབའ་ཞིག་ལ་འབད་མཐར་དགུང་གྲངས་ང་དགུ་ལ་ཕེབས་པ་རབ་ བྱུང་ལྔ་པའི་མེ་འབྲུག་(༡༣༡༦)ལོར་ཆོས་སྐུ་ཞི་བ་ཆེན་པོའི་དབྱིངས་སུ་གཤེགས་སོ། །

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ཉིད་ཡབ་བསོད་ནམས་དཔལ (མཚན་གཞན་སྙེ་མདོ་ཐམས་ཅད་མཁྱེན་པར་གྲགས) བའི་སྲས་སུ་རབ་བྱུང་བཞི་པའི་ས་རྟ (༡༢༥༨) ལོར་སྙེ་མདོ་སྐུ་བལྟམས། དགུང་ལོ་བཞི་པ་ནས་ཀློག་ཡིག་ཕུལ་དུ་ཕྱིན། དགུང་ལོ་བཅུ་གཅིག་པའི་བར་དུ་ཡབ་ལས་རྙིང་མའི་རྒྱུད་སྒྲུབ་ཐབས་མང་དུ་གསན་ཞིང་། མཁྱེན་པས་གཞན་ལ་གསུངས་ཤིང་ཕྱག་ལེན་སློབ་པའི་སློབ་དཔོན་མཛད། (༡༢༩༨) ལོར་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ལས་དགྱེས་རྡོར། ནཱ་རོ་འགྲེལ་ཆེན། དབང་མདོར་བསྟན་གྱི་འགྲེལ་པ། མན་ངག་སྙེ་མ། ཀ་ལཱ་པ་སོགས་འཕགས་བོད་ཀྱི་སྒྲ་རིག་མང་དུ་གསན། མཁས་པའི་གོ་འཕང་བརྙེད། ཕྱིས་མི་གཡོ་བའི་རྒྱུད་དང་བྱ་བ་བཏུས་པ་གསན། དེ་ལྟར་གཞུང་ཟབ་མོ་ལ་གསན་བསམ་རྒྱ་ཆེ་ཞིང་མཁྱེན་པའི་ཀློང་རྡོལ། སྐུ་ཚེ་གང་པོར་རྣམ་དཀར་གྱི་བྱ་བ་འབའ་ཞིག་ལ་འབད་མཐར་དགུང་གྲངས་ང་དགུ་ལ་ཕེབས་པ་རབ་བྱུང་ལྔ་པའི་མེ་འབྲུག (༡༣༡༦) ལོར་ཆོས་སྐུ་ཞི་བ་ཆེན་པོའི་དབྱིངས་སུ་གཤེགས་སོ། །

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཞི་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ 1258 ལོར་སྙེ་མདོར་ཡབ་སྙེ་མདོ་ཐམས་ཅད་མཁྱེན་པའི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1316 ལོར་སྐུ་གཤེགས། དགུང་ལོ་དྲུག་པའི་ཚུན་དུ་ང་རྒོད་ཚང་བ་ཡིན་ཞེས་པའི་གསུང་མང་དུ་བྱོན། དགུང་ལོ་བཞི་པར་ཡི་གེའི་འབྲི་ཀློག་ཀྱང་ཕུལ་དུ་ཕྱིན། དགུང་ལོ་བདུན་པར་འཁོར་རྣམས་ལ་ཆོས་གསུངས། དགུང་ལོ་བཅུ་གཅིག་པའི་བར་དུ་ཡབ་ལས་རྙིང་མའི་རྒྱུད་སྒྲུབ་ཐབས་མང་དུ་གསན་ཞིང་མཁྱེན་པས་གཞན་ལ་གསུངས་ཤིང་ཕྱག་ལེན་སློབ་པའི་སློབ་དཔོན་མཛད། དགུང་ལོ་བཅུ་གཉིས་པར་ཕྱོགས་རིས་ཀྱི་སློབ་མ་འདུས། ཆོས་ཀྱི་ཁྲི་[696]བརྩིགས། ཡབ་ཀྱིས་ཕྱག་དཔེ་ཐམས་ཅད་གཏད། མདོ་སྔགས་ཀྱི་རིང་ལུགས་མང་དུ་གསུངས། དགུང་ལོ་བཅུ་གསུམ་པར་གསང་འདུས་ཀྱི་རྒྱུད་གསུངས། དགུང་ལོ་བཅུ་བཞི་དང་བཅོ་ལྔ་པར་སྐུ་མཚམས་བཞུགས་ཤིང་རྡོ་རྗེ་ཕུར་བུའི་ཞལ་ལེགས་པར་གཟིགས། གྲུབ་རྟགས་འགའ་ཡང་བསྟན། ཤངས་ཚུལ་ཤེར་ལས་གསང་སྙིང་གི་ཆོས་བཀའ་ཤིན་ཏུ་མང་བ་དང་། ཞི་བྱེད་སྔ་ཕྱི་བར་གསུམ། ཏིང་ངེ་འཛིན་རྒྱུད་ཀྱི་རྒྱལ་པོ་སོགས་མང་དུ་གསན། དགུང་ལོ་བཅུ་བདུན་པར་འབྲི་གུང་དུ་བྱོན་ནས་རབ་བྱུང་བསྒྲུབས། དགུང་ལོ་ཉེར་བཞི་པར་གྲུབ་ཐོབ་སེང་གེ་གྲགས་དང་མཇལ་ཞིང་གདམས་པ་ཡང་མང་དུ་གསན། དགུང་ལོ་ཉེར་ལྔ་པར་གྲུབ་ཐོབ་ཨུ་རྒྱན་པ་དང་མཇལ་ཞིང་དུས་འཁོར་རྒྱུད་འགྲེལ་དང་བཅས་པ་གསན། དགུང་ལོ་སོ་དྲུག་པར་བཅོམ་ལྡན་རིག་པའི་རལ་གྲི་དང་མཇལ་ཞིང་ཤ་ར་བའི་གཞུང་ལུགས་སོགས་ཆོས་མང་དུ་གསན། དགུང་ལོ་ཞེ་གཅིག་པར་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ལས་དགྱེས་རྡོར་དང་། ནཱ་རོ་འགྲེལ་ཆེན། དབང་མདོར་བསྟན་གྱི་འགྲེལ་བ། མན་ངག་སྙེ་མ། ཀ་ལཱ་པ་སོགས་རྒྱ་ངོད་ཀྱི་སྒྲ་རིག་པ་མང་དུ་གསན། སྙེ་མདོའི་གདན་ས་བསྐྱངས་ཤིང་འཆད་ཉན་གྱིས་བསྟན་པ་རྒྱས་པར་མཛད་དོ། དགུང་ལོ་ང་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །ཁོང་ནི་ཞི་བྱེད་བརྒྱུད་པའི་གདམས་རྒྱུན་འཛིན་མཁན་ཡིན། ། [697]

language:
Tibetan