- snye mdo thams cad mkhyen pa
- ID:
- T231345
- སྙེ་མདོ་ཐམས་ཅད་མཁྱེན་པ (Tibetan, Tibetan script, Original)
- > snye mdo thams cad mkhyen pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyé do tamché khyenpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྙེ་མདོ་སྨྲ་བའི་སེང་གེ་ལ་སྲས་གསུམ་བྱུང་བའི་དང་པོ་སྙེ་མདོ་ཐམས་ཅད་མཁྱེན་པ་ནི་རབ་བྱུང་བཞི་པའི་མེ་བྱི་(༡༢༡༦)ལོར་སྐུ་འཁྲུངས།དགུང་ལོ་བདུན་ལ་ཕེབས་སྐབས་ཀློག་བརྡ་བསྟན་པ་ཙམ་གྱིས་མཁྱེན།གཉགས་སྟོན་རྣལ་འབྱོར་འབུམ་ལ་རིག་པ་ཀློག་ལ་སོགས་པའི་སྒྲའི་བསྟན་བཅོས་རྣམས་ཀྱང་བསླབས།ཡི་གེ་བཤར་མ་ཞག་བདུན་གྱིས་འཇམ་འདྲོང་ཐུབ།ཕྱིས་ནི་རྒྱ་གར་ནག་ཨུ་རྒྱན་ལ་སོགས་པའི་ཡི་གེ་བྲིས་ལྡེར་ལ་སོགས་པའི་བཟོ་ཐམས་ཅད་མཁྱེན། དགུང་ལོ་བརྒྱད་པ་ལ་བཀའ་བརྒྱུད་ཀྱི་ལག་ལེན་གཞུང་འདྲོངས། དགུང་ལོ་བཅུ་པ་ལ་ཡབ་དང་ལྷན་ཅིག་ཏུ་ཡི་དམ་གྱི་བསྙེན་པ་བསྐྱལ་བས་ཉིན་མཚན་འདས་པ་མི་ཚོར་བའི་ཏིང་ངེ་འཛིན་འཁྲུངས། དེ་ལྟར་ཡོན་ཏན་དུ་མ་སྐྱེ་བས་ཐོབ་པ་བཞིན་དུ་གྱུར་པའི་རིག་ལྡན་དེས་སྤྱིར་བླ་མ་བཅུ་དྲུག་ལྷག་ཙམ་བསྟེན་པ་ལས་མཐའ་ཡས་ལུང་གི་སྣང་བ་རྒྱ་ཐམས་ཅད་མཁྱེན་པ་ལས་རྙེད། རྣམ་དཔྱོད་རིགས་པའི་ཤེས་པ་ལྷག་རུ་བ་ལས་རྙེད། ཡིད་ཆེས་དོན་གྱི་གནས་རྒྱ་གར་པཎ་ཆེན་ལས་རྙེད། ཕྱི་ནང་དཀྱིལ་འཁོར་གྱི་བྱ་བ་འཛི་རི་བ་ལས་རྙེད། དཔེ་རྒྱུད་དག་པའི་ནག་ཆགས་ལྡུམ་ར་བ་ལས་རྙེད། གཞན་དོན་འཕྲིན་ལས་ཀྱི་ཚུལ་འབྲི་ཁུང་པ་ལས་རྙེད། ཟིལ་གནོན་བྱིན་རླབས་ཀྱི་དྲོད་རི་ཁྲོད་པ་ལས་རྙེད། གདམས་པ་གནད་ཀྱི་མཚང་བང་རིམ་པ་ལས་རྙེད། ལྟ་དགོངས་དོན་ཚུལ་རིགས་བདག་ཉིད་ལས་རྙེད་ཅེས་བྱ་སྟེ། ལན་རེ་གཟིགས་པ་དང་གསན་པ་ཙམ་གྱིས་ཐུགས་སུ་ཆུད་པས་ཐམས་ཅད་མཁྱེན་པར་གྲགས། མཚན་དངོས་ལ་བསོད་ནམས་དཔལ་ཞེས་ཞུ། འདིས་གསར་རྙིང་གི་རྒྱུད་སྡེ་དང་རིག་པའི་གནས་དུ་མ་ལ་བསྟན་བཅོས་ཀྱང་མང་དུ་མཛད། ཁྱད་པར་དུ་མཁས་པ་ཏྲེ་བོ་མགོན་པོའི་གསུང་རྣམས་ལྡུམ་ར་ལས་རྙེད་པས་ཏྲེ་བོའི་ལུགས་ལ་ཤིན་ཏུ་མཁས། སྒྲུབ་པས་གསང་སྔགས་ཀྱི་དངོས་གྲུབ་ཀྱང་མང་དུ་ལོན། མཐར་དགུང་ལོ་དྲུག་ཅུ་རྩ་གཉིས་པ་རབ་བྱུང་ལྔ་པའི་མེ་གླང་(༡༢༧༧)ལོར་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
སྙེ་མདོ་སྨྲ་པའི་སེང་གེ་ལ་སྲས་གསུམ་བྱུང་བའི་དང་པོ་སྙེ་མདོ་ཐམས་ཅད་མཁྱེན་པ་ནི་རབ་བྱུང་བཞི་པའི་མེ་བྱི (༡༢༡༦) ལོར་སྐུ་འཁྲུངས། དགུང་ལོ་བདུན་ལ་ཕེབས་སྐབས་ཀློག་བརྡ་བསྟན་པ་ཙམ་གྱིས་མཁྱེན། གཉགས་སྟོན་རྣལ་འབྱོར་འབུམ་ལ་རིག་པ་ཀློག་ལ་སོགས་པའི་སྒྲའི་བསྟན་བཅོས་རྣམས་ཀྱང་བསླབས། ཡི་གེ་བཤར་མ་ཞག་བདུན་གྱིས་འཇམ་འདྲོད་ཐུབ། ཕྱིས་ནི་རྒྱ་གར་ནག་ཨུ་རྒྱན་ལ་སོགས་པའི་ཡི་གེ་བྲིས་ལྡེར་ལ་སོགས་པའི་བཟོ་ཐམས་ཅད་མཁྱེན། དགུང་ལོ་བརྒྱད་པ་ལ་བཀའ་བརྒྱུད་ཀྱི་ལག་ལེན་གཞུང་འདྲོངས། དགུང་ལོ་བཅུ་པ་ལ་ཡབ་དང་ལྷན་གཅིག་ཏུ་ཡི་དམ་གྱི་བསྙེན་པ་བསྐྱལ་བས་ཉིན་མཚན་འདས་པ་མི་ཚོར་བའི་ཏིང་ངེ་འཛིན་འཁྲུངས། ཁྱད་པར་དུ་མཁས་པ་ཏྲེ་བོ་མགོན་པོའི་གསུང་རྣམས་ལྡུམ་ར་བ་ལས་རྙེད་པས་ཏྲེ་བོའི་ལུགས་ལ་ཤིན་ཏུ་མཁས། སྒྲུབ་པས་གསང་སྔགས་ཀྱི་དངོས་གྲུབ་ཀྱང་མང་དུ་ལོན། མཐར་དགུང་ལོ་དྲུག་ཅུ་རྩ་གཉིས་པ་རབ་བྱུང་ལྔ་པའི་མེ་གླང (༡༢༧༧) ལོར་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཞི་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ 1217 ལོར་ཡབ་སྙེ་མདོ་སྨྲ་བའི་སེང་གེའི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ 1277 ལོར་སྐུ་གཤེགས། དགུང་ལོ་བདུན་པར་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན་ཞིང་། གཉགས་སྟོན་རྣལ་འབྱོར་འབུམ་ལས་སྒྲའི་བསྟན་བཅོས་རྣམས་ཀྱང་བསླབས་པར་མཛད། དགུང་ལོ་བརྒྱད་པར་བཀའ་བརྒྱུད་ཀྱི་ལག་ལེན་གཞུང་འདྲོངས། དགུང་ལོ་བཅུ་པར་ཡབ་དང་ལྷན་ཅིག་ཏུ་ཡི་དམ་གྱི་བསྙེན་པ་བསྐྱལ་བས་ཉིན་མཚན་འདས་པ་མི་ཚོར་བའི་ཏིང་ངེ་འཛིན་འཁྲུངས། ཁོང་གིས་སྤྱིར་བླ་མ་བཅུ་དྲུག་ཙམ་ལ་བསྟེན་པ་དང་། ལྷག་པར་དུ་མཐའ་ཡས་ལུང་གི་སྣང་བ་ནི་རྒྱ་ཐམས་ཅད་མཁྱེན་པ་ལས་རྙེད། རྣམ་དཔྱོད་རིགས་པའི་ཤེས་པ་ནི་ལྷག་རུ་བ་ལས་རྙེད། ཡིད་ཆེས་དོན་གྱི་གནས་ལུགས་ནི་རྒྱ་གར་པཎ་ཆེན་ལས་རྙེད། ཕྱི་ནང་དཀྱིལ་འཁོར་གྱི་བྱ་བ་ནི་འཛི་རི་བ་ལས་རྙེད། དཔེ་རྒྱུད་དག་པའི་ནན་ཆགས་ནི་ལྡུམ་ར་བ་ལས་རྙེད། གཞན་དོན་འཕྲིན་ལས་ཀྱི་ཚུལ་ནི་འབྲི་གུང་པ་ལས་རྙེད། ཟིལ་གནོན་བྱིན་རླབས་ཀྱི་དྲོད་ནི་རི་ཁྲོད་པ་ལས་རྙེད། གདམས་པ་གནད་ཀྱི་མཚང་ནི་བང་རིམ་པ་ལས་རྙེད། ལྟ་དགོངས་དོན་གྱི་ཚུལ་ནི་རིགས་ཉིད་ལས་རྙེད་ཅེས་རྙེད་དགུ་སྟོན་པའི་བླ་མ་དགུ་ཡོད། མདོ་སྔགས་རིག་གནས་དང་བཅས་ཕར་ལན་རེ་གཟིགས་པ་[695]དང་། གསན་པ་ཙམ་གྱིས་ཐུགས་སུ་ཆུད་པས་ཐམས་ཅད་མཁྱེན་པ་ཞེས་གྲགས་སོ། སྙེ་མདོའི་གདན་སར་ཕེབས་ནས་དགེ་འདུན་མང་པོའི་ཚོགས་པ་བསྐྱངས། གསར་རྙིང་གི་རྒྱུད་སྡེ་དང་རིག་པའི་གནས་དུ་མ་ལ་བསྟན་བཅོས་ཀྱང་མང་དུ་བརྩམས། ཁྱད་པར་དུ་མཁས་པ་ཏྲེ་བོ་མགོན་པོའི་གསུང་རྣམས་ལྡུམ་ར་བ་ལས་རྙེད་པས་ཏྲེ་བོའི་ལུགས་ལ་ཤིན་ཏུ་མཁས། སྒྲུབ་པ་ཉམས་ལེན་མཛད་པས་གསང་སྔགས་ཀྱི་དངོས་གྲུབ་ཀྱང་མང་དུ་ལོན་པར་མཛད་དོ། ཁོང་གི་མཚན་དངོས་ནི་བསོད་ནམས་དཔལ་ཞེས་ཞུའོ། བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ནས་དགུང་ལོ་དྲུག་ཅུ་རྩ་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཞི་བྱེད་བརྒྱུད་པ་ཕྱི་མའི་སྐབས་ཀྱི་གདམས་རྒྱུན་འཛིན་མཁན་ཡིན་ནོ། །
- language:
- Tibetan