Skip to main content Skip to search
snye mdo smra ba'i seng ge
ID:
T231347
  • སྙེ་མདོ་སྨྲ་བའི་སེང་གེ (Tibetan, Tibetan script, Original)
    • > snye mdo smra ba'i seng ge (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nyé do mawé sengé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(འཇིག་མེད་རྩལ་ཡང་ཞུ)འདི་ཉིད་ཡབ་བཀྲ་ཤིས་གྲགས་པ་དང་ཡུམ་ཆོས་ཀྱི་དགེ་གཉིས་ལ་སྲས་གསུམ་བྱུང་བའི་ཐ་ཆུང་དུ་རབ་བྱུང་གསུམ་པའི་མེ་རྟ་(༡༡༨༦)ལོར་སྐུ་འཁྲུངས། དགུང་ལོ་བརྒྱད་ལ་ཕེབས་སྐབས་ཡིག་རྩིས་བསླབས་པས་མཚོན་པ་ཙམ་གྱིས་མཁྱེན།དགུང་ལོ་བཅུ་གསུམ་ལ་ཕེབས་སྐབས་ཡོན་ཏན་དང་སྐུ་ལུས་རྫོགས་ཏེ་གྲ་དོལ་གཞུང་གསུམ་ཚོགས་པའི་ལྟད་མོ་ལ་ཁྲོམ་ཐོག་ཆོད། བཅུ་བཞི་ལ་འདག་འབྱར་མཛད་པའི་ངང་ནས་གཞི་ལམ་གྱི་སྟོང་ཐུན་གསུངས་པས་གྲྭ་སྒོམ་ཐམས་ཅད་དད་པས་མཆི་མ་ཤོར། བཅོ་ལྔ་པ་ལ་འཆོས་ཚང་ཁྱིམ་དུ་རྣལ་འབྱོལ་སེང་གེ་ལ་དབུ་མ་རིགས་ཚོགས་བསླབས་པས་རིན་པོ་ཆེའི་རྩོད་པའི་ཡ་ཕེར། བཅུ་བདུན་པ་ལ་གྲྭ་ཕྱི་རྟ་ལམ་པོའི་སློབ་དཔོན་ཞང་སྟོན་དཀོན་མཆོག་ལས་སྒྲའི་བསྟན་བཅོས་མང་དུ་བསླབས། ཉི་ཤུ་པ་ལ་ཁ་རག་ཏུ་མཁས་པ་ཇོ་པད་ཀྱི་སར་བྱོན་ནས་མདོ་སྒྱུ་འཕྲུལ་སེམས་ཕྱོགས་གསུམ་ལོ་གཉིས་ལ་མཁྱེན། གཙང་ཕྱོགས་རྣམས་སུ་རྩོད་པའི་གྲྭ་སྐོར་མཛད། བཟང་ཉེའུ་ཁར་ཡང་མཁས་པ་མང་པོ་ཕམ་པར་བྱས། དེ་ནས་དགེ་བཤེས་བྲ་བོ་ཆེན་པོ་གཤེགས་པའི་ཆོས་འཁོར་ལ་ཡར་སྟོན་ཧྲུལ་མོ་བྱ་བ་དགེ་བཤེས་ཤཱཀྱ་བསམ་སོགས་སུས་ཀྱང་མ་ཐུབ་པ་གཅིག་དང་རང་བཞིན་གྱིས་དབང་རྣོན་སྲིད་མི་སྲིད་ལ་རྩོད་པ་བྱས་པས་ལན་དུ་མའི་བར་དུ་ཁོང་པར་བྱས་པས་མཁས་པའི་གཡེང་ཐོན་ཏེ་སྨྲ་བའི་སེང་གེར་མཚན་ཐོགས། མཚན་དངོས་བརྩོན་འགྲུས་སེང་གེ་དགུང་ལོ་ཉི་ཤུ་རྩ་གཉིས་ལ་སྙེ་མདོར་ཆེ་འདོན་མཛད། ཕྱག་དཔེ་ཆོས་དུང་དང་བཅས་པ་གཏད། སོ་གཅིག་པ་ལ་ལམ་ལྔའི་བསྲངས་ལ་ཞུགས་པས་རྒྱུ་སྒྲིབ་པ་དག་པའི་རྟགས། ལམ་རླུང་ལྔ་ཟིན་པའི་རྟགས། འབྲས་བུ་དག་སྣང་ཤར་བའི་རྟགས་བླ་མ་གོང་མ་ལ་ཇི་ལྟར་ཤར་བ་བཞིན་བྱུང། བཞི་བཅུ་པ་ལ་སྙེ་མདོར་འདག་འབྱར་མཛད་པས་འོད་དམར་པོ་བྱི་རུ་འདྲ་བ་བྱུང་བ་དེ་རྟ་མགྲིན་དུ་གྱུར་ནས་འོད་དམར་པོས་ངམས་ཤོད་ཁེངས། རྟ་སྐད་ཐེངས་གསུམ་བསྒྲགས་པའི་དང་པོ་དབུས་གཙང་རུ་བཞིར་ཐོས་། ཕྱི་མ་གཉིས་དེ་ཡང་མི་ཚད་པར་ཐོས་པས་དེ་ཐམས་ཅད་མཁྱེན་པ་ལ་སྙན་གྲགས་འོང་བའི་བརྡ་པར་ཡིན་གསུངས། བཞི་བཅུ་ཞེ་བཞི་པ་ལ་ཐམས་ཅད་བཁྱེན་པའི་ཆེ་འདོན་གྱི་ཆོས་འཁོར་བཙུགས། ཆོས་ཉན་ས་གཞི་ཁེངས་པ་ཚོགས་པ་འདིའི་གསུང་ཐ་མས་ཀྱང་ཐོས། ལྔ་བཅུ་ང་བརྒྱད་པ་ལ་འབྲི་གུང་དུ་རྗེ་སྤྱན་སྔའི་དྲུང་དུ་འབུལ་བ་སྐྱེལ་དུ་བྱོན་པས་སྤྱན་སྔ་ནས་བྱང་ཆུབ་ཆེན་པོར་གཟིགས། ལྔ་བཅུ་ང་དགུ་ལ་སྐུ་འདབ་ཚོགས་གསོག་མཛད། ཡེ་ཤེས་མགོན་པོ་བཞད་པའི་ཞལ་ཅན་གཟིགས། མཐར་དགུང་ལོ་དྲུག་ཅུ་རེ་གཉིས་པ་རབ་བྱུང་བཞི་པའི་མེ་ལུག་(༡༢༤༧)ལོའི་སྨལ་བོ་ཟླ་བའི་ཚེས་བརྒྱད་ལ་རྟགས་ཁྱད་པར་ཅན་མང་པོ་དང་བཅས་ཏེ་སྐུ་གཤེགས། སྐུ་གདུང་སྦྱངས་པས་རིང་བསྲེལ་གྱིས་གང་། ཕྱིས་ནང་རྟེན་རྡོ་རྗེ་སེམས་དཔའི་སྐུ་བཞེངས་པའི་སྐུ་ལ་སྟར་ཆུ་གསོལ་བ་ན་ཡང་ཁྲུས་ཆབ་རིང་བསྲེལ་གྱིས་ཁེངས། སྐུ་གསེར་གསོལ་བ་ན་རིང་བསྲེལ་གྱི་ཆར་ཁ་བ་བབ་པ་བཞིན་བྱུང་ངོ་། དེ་ལྟར་རིགས་གསུམ་གྱི་མགོན་པོ་ལྟ་བུའི་སྐུ་མཆེད་གསུམ་པོ་དེ་ལ་བཀའི་ཆུ་བོ་བབས་པའི་སློབ་མ་དཔག་ཏུ་མེད་ཀྱང་གདུང་རྒྱུད་འཛིན་པ་གཙོ་བོ་ནི་འཁྲུལ་ཞིག་རིན་པོ་ཆེ་དང་ཐམས་ཅད་མཁྱེན་པ་གཉིས་ཡིན།

language:
Tibetan

2. Thupten Phuntsok Dictionary

(འཇིག་མེད་རྩལ་ཡང་ཞུ) འདི་ཉིད་ཡབ་བཀྲ་ཤིས་གྲགས་པ་དང་ཡུམ་ཆོས་ཀྱི་དགེ་གཉིས་ལ་སྲས་གསུམ་བྱུང་བའི་ཆུང་ངུ་རབ་བྱུང་གསུམ་པའི་མེ་རྟ (༡༡༨༦) ལོར་སྐུ་འཁྲུངས། དགུང་ལོ་བརྒྱད་ལ་ཕེབས་སྐབས་ཡིག་རྩིས་བསླབས་པས་མཚོན་པ་ཙམ་གྱིས་མཁྱེན། དགུང་ལོ་བཅུ་གསུམ་ལ་ཕེབས་སྐབས་ཡོན་ཏན་དང་སྐུ་ལུས་རྫོགས་ཏེ་གྲ་དོལ་གཞུང་གསུམ་ཚོགས་པའི་ལྟད་མོ་ལ་ཁྲོམ་ཐོག་ཆོད། བཅུ་བཞི་ལ་འདག་འབྱར་མཛད་པའི་ངང་ནས་གཞི་ལམ་གྱི་སྟོང་ཐུན་གསུངས་པས་གྲྭ་སྒོམ་ཐམས་ཅད་དད་པས་མཆི་མ་ཤོར། བཅོ་ལྔ་པ་ལ་འཆོས་ཚང་ཁྱིམ་དུ་རྣལ་འབྱོར་སེང་གེ་ལ་དབུ་མ་རིགས་ཚོགས་བསླབས་པས་རིན་པོ་ཆེའི་རྩོད་པའི་ཡ་ཕེར། མཐར་དགུང་ལོ་དྲུག་ཅུ་རེ་གཉིས་པ་རབ་བྱུང་བཞི་པའི་མེ་ལུག (༡༢༤༧) ལོའི་སྨལ་བོ་ཟླ་བའི་ཚེས་བརྒྱད་ལ་རྟགས་ཁྱད་པར་ཅན་མང་པོ་དང་བཅས་ཏེ་སྐུ་གཤེགས། སྐུ་གདུང་སྦྱངས་པས་རིང་བསྲེལ་གྱིས་གང་། ཕྱིས་ནང་རྟེན་རྡོ་རྗེ་སེམས་པའི་སྐུ་བཞེངས་པའི་སྐུ་ལ་སྟར་ཆུ་གསོལ་བ་ན་ཡང་ཁྲུས་ཆབ་རིང་བསྲེལ་གྱིས་ཁེངས། སྐུ་གསེར་གསོལ་བ་ན་རིང་བསྲེལ་གྱི་ཆར་ཁ་བ་བབ་པ་བཞིན་བྱུང་ངོ་། །དེ་ལྟར་རིགས་གསུམ་གྱི་མགོན་པོ་ལྟ་བུའི་སྐུ་མཆེད་གསུམ་པོ་དེ་ལ་བཀའི་ཆུ་བོ་བབས་པའི་སློབ་མ་དཔག་ཏུ་མེད་ཀྱང་གདུང་རྒྱུད་འཛིན་པ་གཙོ་བོ་ནི་འཁྲུལ་ཞིག་རིན་པོ་ཆེ་དང་ཐམས་ཅད་མཁྱེན་པ་གཉིས་ཡིན།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་གསུམ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ 1186 ལོར་ཡབ་འཆུས་པ་དར་མ་བརྩོན་འགྲུས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ 1247 ལོར་སྐུ་གཤེགས། ཁོང་དགུང་ལོ་བརྒྱད་པར་ཡིག་རྩིས་བསླབས་པས་མཚོན་པ་ཙམ་གྱིས་མཁྱེན། དགུང་ལོ་བཅུ་གསུམ་པར་ཡོན་ཏན་དང་སྐུ་ལུས་རྫོགས་ཏེ་གྲ་དོལ་[693]གསུམ་ཚོགས་པའི་ལྟད་མོ་ལ་ཁྲིམས་ཐོག་ཆོད། དགུང་ལོ་བཅོ་ལྔ་པར་རྣལ་འབྱོར་སེང་གེ་ལས་དབུ་མ་རིགས་ཚོགས་གསན། དགུང་ལོ་བཅུ་བདུན་པར་སློབ་དཔོན་ཞང་སྟོན་དཀོན་མཆོག་ལས་སྒྲའི་བསྟན་བཅོས་མང་དུ་བསླབས། དགུང་ལོ་ཉི་ཤུ་པར་མཁས་པ་ཇོ་པད་ལས་མདོ་སྒྱུ་འཕྲུལ་སེམས་ཕྱོགས་གསུམ་ལོ་གཉིས་ལ་མཁྱེན་པར་གསན། དུས་མཚུངས་སུ་གཙང་ཕྱོགས་རྣམས་སུ་རྩོད་པའི་གྲྭ་སྐོར་མཛད། མཁས་པ་མང་པོ་རྩོད་པས་ཕམ་པར་མཛད་པས་སྨྲ་བའི་སེང་གེ་ཞེས་གསོལ། ཁོང་གི་མཚན་དངོས་ལ་བརྩོན་འགྲུས་སེང་གེ་ཞེས་ཞུ། དགུང་ལོ་ཉེར་གཉིས་པར་སྙེ་མདོ་དགོན་པའི་གདན་སར་ཕེབས་ཏེ་དགེ་འདུན་མང་པོའི་ཚོགས་པ་བསྐྱངས། དགུང་ལོ་སོ་གཅིག་པར་ལམ་ལྔའི་ཁྲིད་མཛད་པས་བླ་མ་གོང་མ་བཞིན་དུ་དག་སྣང་ཚད་མེད་ཤར། དགུང་ལོ་སོ་གསུམ་པར་མཚན་བརྗོད་ཀྱི་སྒྲུབ་པ་མཛད་པས་པད་མོའི་སྡོང་པོ་ཁ་ཕྱེ་བའི་ནང་དུ་འཇམ་དབྱངས་ལྷ་བདུན་གྱི་ཞལ་གཟིགས། དགུང་ལོ་བཞི་བཅུ་ཐམ་པར་སྙེ་མདོར་འདག་འབྱར་མཛད་པས་རྟ་མགྲིན་གྱིས་ཞལ་གཟིགས། དགུང་ལོ་བཞི་བཅུ་རྩ་བཞི་པར་ཐམས་ཅད་མཁྱེན་པའི་ཚེ་འདོན་གྱི་ཆོས་འཁོར་བཙུགས། དགུང་ལོ་ལྔ་བཅུ་རྩ་བརྒྱད་པར་འབྲི་གུང་དུ་ཕེབས་ཤིང་སྤྱན་སྔ་རིན་པོ་ཆེ་དང་མཇལ་ཞིང་གདམས་ངག་རྣམས་ཞུས། རྟོགས་པ་མངོན་སུམ་དུ་ཤར་བ་གྱུར་ཏོ། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་དྲུག་ཅུ་རྩ་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཞི་བྱེད་བརྒྱུད་པ་ཕྱི་མའི་སྐབས་ཀྱི་གདམས་རྒྱུན་འཛིན་མཁན་ཡིན། །ཁོང་[694]གི་མཚན་གྱི་རྣམ་གྲངས་ནི་བརྩོན་འགྲུས་སེང་གེ་དང་། མཁས་པ་སྨྲ་བའི་སེང་གེ་བཅས་ཡོད།

language:
Tibetan