- snyoms sgrig dang do mnyam
- ID:
- T231368
- སྙོམས་སྒྲིག་དང་དོ་མཉམ (Tibetan, Tibetan script, Original)
- > snyoms sgrig dang do mnyam (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyom drik dang do nyam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཡས་གཡོན་སྙོམས་པ་ཡང་ཟེར། དེ་ནི་རྒྱན་རིས་རི་མོའི་གནད་འགག་གི་གྲས་ཤིག་ཡིན། རྒྱན་རིས་རི་མོའི་ཐོག་ཏུ་སྟེང་ནས་འོག་གམ། གཡས་ནས་གཡོན་བར་དུ་ཚངས་ཐིག་གཅིག་བརྒྱབ་ཚེ་སྟེ། གཡས་གཡོན་གཉིས་ཆ་སྙོམས་པ་དེར་མིང་དེ་ལྟར་འབོད་པ་ཡིན། འོན་ཀྱང་གཡས་གཡོན་གཉིས་སམ། སྟེང་འོག་གཉིས་ཀྱི་རི་མོ་རྣམས་གཅིག་པ་གཅིག་རྐྱང་ཡིན་དགོས་པའི་ངེས་པ་མེད་རུང་། གཞོགས་གཉིས་སམ་སྟེང་འོག་གི་རི་མོའི་མང་ཉུང་ངམ་བོངས་ཚད་དེ་མཐོང་སྣང་གི་ཐད་ལ་སྙོམས་པ་དེར་དོ་མཉམ་ཞེས་བརྗོད།
- language:
- Tibetan