- tan+t+ra
- ID:
- T231471
- ཏནྟྲ (Tibetan, Tibetan script, Original)
- > tan+t+ra (Tibetan, Latin script, Transliteration-THL Extended Wylie Transliteration)
- > tantra(?) (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ལེགས་སྦྱར་གྱི་སྐད་དེ། བོད་ཀྱི་སྐད་དུ་བསྒྱུར་ན་རྒྱུད་ཅེས་པའི་སྐད་དོད་དེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། ཏནྟྲ་ཞེས་བྱ་བ་ནི། ཏ་ནུ་ལུས་དང་ཏྲ་ཡ་སྐྱོབ་པ་ལ་འཇུག་པའི་དབང་གིས་ལུས་སྐྱོབ་པ་ཞེས་པ་སྟེ། དེ་འདྲ་བའི་དོན་ཟབ་མོའི་གཞུང་འདི་ཉིད་ལས་རྒྱུན་མི་འཆད་པར་གནས་པའི་དོན་གྱིས་རྒྱུད་ཅེས་བྱེད་ལས་ཀྱི་སྒོ་ནས་བཏགས་པ་ཡིན་ནོ། །ཞེས་གསུངས་སོ། །
- language:
- Tibetan