- ting 'dzin sgom tshul lnga
- ID:
- T231503
- ཏིང་འཛིན་སྒོམ་ཚུལ་ལྔ (Tibetan, Tibetan script, Original)
- > ting 'dzin sgom tshul lnga (Tibetan, Latin script, Transliteration-THL Extended Wylie Transliteration)
- > tingdzin gom tsul nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དད་པས་བདེན་པ་རྣམས་ཤེས་བྱ་དང་སྤང་བྱ་སོགས་སུ་ཡིད་ཆེས་པའི་ཚུལ་གྱིས་བསྒོམ་པ་དང་། བརྩོན་འགྲུས་ཀྱིས་བདེན་པའི་དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཕྱིར་སྤྲོ་བའི་ཚུལ་གྱིས་བསྒོམ་པ། དྲན་པས་བདེན་པའི་དེ་ཁོ་ན་ཉིད་རྟོགས་པའི་དམིགས་རྣམ་མ་བརྗེད་པའི་ཚུལ་གྱིས་བསྒོམ་པ། ཏིང་ངེ་འཛིན་གྱིས་སེམས་རྩེ་གཅིག་པའི་ཚུལ་གྱིས་བསྒོམ་པ། ཤེས་རབ་ཀྱིས་བདེན་པའི་རྣམ་པ་སོ་སོར་འབྱེད་པའི་ཚུལ་གྱིས་བསྒོམ།
- language:
- Tibetan