Skip to main content Skip to search
tun hong gi brag phug ldebs ris
ID:
T231526
  • ཏུན་ཧོང་གི་བྲག་ཕུག་ལྡེབས་རིས (Tibetan, Tibetan script, Original)
    • > tun hong gi brag phug ldebs ris (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tün hong gi drakpuk deb ri (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཀན་སུའུ་ཞིང་ཆེན་ཁོངས་ཏུན་ཧོང་མའོ་ཀའོ་བྲག་ཕུག་གི་ལྡེབས་རིས་ལ་ཟེར། མའོ་ཀའོ་བྲག་ཕུག་ནི་ཏུན་ཧོང་གྲོང་གི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་ཉི་ཤུ་རྩ་ལྔ་ཙམ་གྱི་སན་ཝེ་རི་བོ་དང་མིང་ཧྲཱ་རི་བོའི་བར་དུ་གནས་ཡོད་ཅིང་། དེར་བྲག་ཕུག་བཞི་བརྒྱ་ལྷག་ཙམ་ཡོད་པས་དེའི་སྤྱི་མིང་ཡིན། ཐོག་མར་བསྐྲུན་པའི་དུས་ཚོད་ནི་ཅིན་ཤར་མའི་སྐབས་སུ་ཡིན་པ་དང་དེ་རྗེས་ཝེ་བྱང་མ་དང་། སུའེ། ཐང་། རྒྱལ་རབས་ལྔ། སུང་། ཡོན་སོགས་རྒྱལ་རབས་རིམ་བྱུང་ནང་རྒྱ་སྐྱེད་བྱས་ཏེ་བསྐྲུན་པ་ཞིག་ལ་གོ གལ་ཏེ་ལྡེབས་རིས་དེ་རྣམས་སྤྱི་ཁྲེ་གང་གི་མཐོ་ཚད་ལ་གཞིགས་ནས་རྩིས་པ་ཡིན་ན། དེའི་མུ་འབྲེལ་རིང་ཚད་དེ་སྤྱི་ལེ་སུམ་ཅུ་ཙམ་གྱི་རིང་ཐུང་ཡོད། དེར་བརྟེན་འཛམ་གླིང་ཐོག་གི་རི་མོ་འགྲེམས་སྟོན་བྱེད་སའི་བར་འཁྱམས་ཆེ་ཤོས་དེ་ཡིན་ཞེས་ཟེར་སྲོལ་ཆགས། ཕྱོགས་མཚུངས་དེའི་ནང་དུ་བཞེངས་པའི་འཇིམ་སྐུ་ཆེ་ཆུང་བསྡོམས་གྲངས་ཉིས་སྟོང་བཞི་བརྒྱ་ཙམ་ཡོད་པ་དེ་རྣམས་དུས་རབས་བཞི་པ་ནས་བཅུ་པའི་བར་དུ་ཐོན་པའི་སྒྱུ་རྩལ་པ་མང་པོའི་མཉམ་སྐྲུན་བརྩམ་བྱ་ཞིག་ཡིན། མ་གཞི་ནང་དོན་མང་ཆེ་བ་ཆོས་ལུགས་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་རུང་ཚད་གཞི་མི་འདྲ་བའི་ཐོག་ནས་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་། མི་དམངས་མང་ཚོགས་ཀྱི་བསམ་བློའི་བརྩེ་སེམས་ཀྱང་མཚོན་པར་བྱས་ཡོད།

language:
Tibetan