- tri byi ta
- ID:
- T231551
- ཏྲི་བྱི་ཏ (Tibetan, Tibetan script, Original)
- > tri byi ta (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri ji ta (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དུར་བྱིད་དམར་པོའི་མིང་ལ་བཞེད་པ་ཞིག་དང་། དུར་བྱིད་དཀར་པོའི་མིང་ལ་བཞེད་པ་ཞིག་གཉིས་མཆིས་ཏེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་ཌཱུར་སྔོན་པོ་ལས། ཏྲི་བྱི་ཏ་ཞེས་དུར་བྱིད་དམར་པོ། ཞེས་དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་ལས། ཏྲི་བྱི་ཏ་ནི་རྩ་བ་དཀར་པོ་སྟེ་ཚི་ཆེ་བ་བཟང་། ཆུང་བ་ངན་ཏེ་གང་ཡང་འབྲིང་། ཀུ་ཏ་ར་ན་ནི་རྩ་བ་ཆེ་ལ་གྱོང་སྟེ་ཚི་ཆུང་བས་ངན་པའོ། །ཞེས་གསུངས་པའང་མཆིས་པས་དཔྱོད་ཅིག
- language:
- Tibetan