Skip to main content Skip to search
tre hor khang gsar blo bzang tshul khrims
ID:
T231566
  • ཏྲེ་ཧོར་ཁང་གསར་བློ་བཟང་ཚུལ་ཁྲིམས (Tibetan, Tibetan script, Original)
    • > tre hor khang gsar blo bzang tshul khrims (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tré hor khang sar lo zang tsultrim (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྗེ་འདི་ནི་མདོ་ཁམས་དཀར་མཛེས་ཀྱི་སའི་ཆར་རབ་བྱུང་བཅུ་བཞི་པའི་ས་སྤྲེལ་༡༨༤༨ལོར་སྐུ་འཁྲུངས། སྐུ་གཞོན་དུས་དབུས་སུ་གྲྭ་སར་ཆོས་ཞུགས་མཛད་དེ་གཞུང་ཆེན་བཀའ་པོད་གསན་བཞེས་མཛད། རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་སྐུ་དུས་རྒྱུད་སྨད་མཁན་པོ་གནང་། བཀའ་རྩོམ་ལ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རིམ་པ་དང་པོའི་ཟིན་བྲིས་ཟུང་འཇུག་རིན་ཆེན་འདྲེན་པའི་ཤིང་རྟ》 མྱུར་ལམ་དམར་ཁྲིད་ཀྱི་ཟིན་བྲིས་གསེར་གྱི་ཤིང་རྟ》 ཟབ་ལམ་བླ་མ་མཆོད་པའི་མན་ངག་སྙན་རྒྱུད་ལག་ལེན་བསྟན་པའི་རིམ་པ་ནག་འགྲོས་སུ་བཀོད་པ》 ཟབ་ལམ་ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག་བདེ་ཆེན་མྱུར་ལམ》 དུས་འཁོར་གྱི་དབང་བཤད》སོགས་པོད་འབྲིང་གསུམ་ལྷག་མཛད། སྐུ་ཚེ་མཐའ་མའི་མཛད་པ་མི་གསལ།

language:
Tibetan