- gtan mar zhing
- ID:
- T231597
- གཏན་མར་ཞིང (Tibetan, Tibetan script, Original)
- > gtan mar zhing (Tibetan, Latin script, Transliteration-THL Extended Wylie Transliteration)
- > tenmar shying (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བོད་ལྗོངས་འཕན་པོ་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་ཁོངས་འོང་གསེབ་གྲོང་ཚོའི་འབྲི་ལུང་ཚང་ཞེས་པའི་དུད་ཚང་ལ་གཏན་མར་ཞེས་པའི་ས་ཞིང་སོན་ཁལ་བཞིའི་ས་ཞིག་ཡོད་པ་ནི་སྔ་དུས་ཕལ་ཆེར་རབ་བྱུང་བཅུ་གཅིག་པའི་ས་བྱི (༡༦༤༨ལོར་པོ་ཏ་ལའི་ཕོ་བྲང་དཀར་པོ་བཞེངས་ནས་ཐོག་འགེབས་སྐབས་གློ་བུར་དུ་ཀ་བ་འགྱུར་ཉེར་བྱུང་སྟེ་ལས་མི་གཞན་རྣམས་བྲོས་འགྲོ་སྐབས་འཕན་ཡུལ་འོང་གསེབ་ནས་ཡིན་པའི་ཤིང་བཟོ་བ་ཞིག་གིས་གདུང་མཚམས་སུ་ལག་པས་ཚད་རྒྱག་སྐབས་ཏག་ཏག་ཡིན་པ་ཤེས་འཕྲལ་སྤྱིར་ན་གདུང་མའི་མཚམས་པགས་ཁྱི (ཤིང་རྩབ) ཞིག་བྱུང་ན་འགྲིག ས་རུང་ལག་གཡོག་དང་ཤིང་རྩབ་མེད་སྟབས་ཀ་གདུང་འགྱུར་ན་མི་མང་པོའི་སྲོག་ལ་ཉེན་ཁ་ཡོང་སྙམ་ཏེ། དེ་མར་ལག་པ་གཡོན་པ་པགས་ཁྱིར་བརྒྱབ་སྟེ་ལག་གཡས་པས་སྟེ་གཙག་ཞུས་ཏེ་ལག་མགོ་བཅད་ནས་རྩབ་ཏུ་བརྒྱབ་སྟབས་ཕོ་བྲང་གི་སྐྲུན་དངོས་དང་ལས་མི་མང་པོའི་སྲོག་གི་བདེ་འཇགས་སྲུང་སྐྱོབ་ཐུབ་པར་བརྟེན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་ཤིང་བཟོ་བའི་ཁྱིམ་ཚང་དུ་ས་ཞིང་སོན་ཁལ་བཞིའི་ས་ལ་ཁྲལ་མི་དགོས་པའི་གཏན་ཚིག (བཀའ་ཤོག) གནང་ནས་གཟིགས་སྐྱོང་ཐོབ་སྟབས་ས་ཞིང་དེའི་མིང་ལ་ཡང་གཏན་མར་ཞེས་ཐོགས། དེང་སྐབས་ཤིང་བཟོ་བ་དེའི་ཁྱིམ་ཚང་མི་རྒྱུད་ད་ལྟ་ཡོད་མུས་ཀྱང་ཡིག་ཆ་དང་ལག་ཆ་སོགས་ཡོད་པ་རྣམས་རིག་གསར་སྐབས་མེར་བསྲེགས་བཏང་སྟབས་ཤིང་བཟོ་བ་དེའི་མིང་ཅི་ཟེར་མི་ཤེས་པ་དང་། རྩེ་ཕོ་བྲང་གི་ཤར་རྒྱུད་བཅོ་བརྒྱད་སྐབས་མགོའི་ཀ་བ་ཞིག་གི་གདུང་མཚམས་སུ་ལག་པ་དེ་མཐོང་རྒྱུ་ཡོད་སྐད་ཀྱང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སུ་རྩེ་ཕོ་བྲང་ཉམས་གསོ་གནང་དུས་ཀ་གདུང་བཟོ་བཅོས་བྱེད་སྐབས་མེད་པ་ཆགས་སྐད།
- language:
- Tibetan